༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 5 ཤིས་ཚིག
5 ཤིས་ཚིག
གསུང་རབ་སྒོ་མཛོད་རིན་པོ་ཆེ་དང་རྗེ་བླ་མ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:ཁྱུང་བཙན་མིང་པས] [གཟིགས་ཐེངས:]

མི་ལོ་སྟོང་ཕྲག་གི་ཡར་སྔོན་གྱི 
མུན་པའི་ཁྲོད་ཀྱི་ནོར་བུ་སྟེ
སྒོ་མཛོད་རིན་པོ་ཆེའི་གླེགས་བམ
དེབ་གྲངས་བརྒྱ་དང་ལྔ་བཅུ་བདག་ཉིད་ཅན་ཞིག
ཡོད་པ་འདི་ནི
དེ་རིང་ཁྱུང་པོ་སྟེང་ཆེན་དགོན་ནས་ཞལ་འབྱེད་ཀྱི་མཛད་སྒོ་འཚོགས་པ་འདི
སུས་བཀའ་དྲིན་རེེད།
དེ་ནི་སྐྱབས་རྗེ་དཔོན་གསས་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེའི
སྐུ་གསུང་ཐུགས་གསུམ་ལས་བྱུང་བའི་བཞུར་ཐབས་མེད་པའི་བཀའ་དྲིན་རླབས་པོ་ཆེ་ཞིག་རེད་དོ
བཀའ་དྲིན་དེ་སུ་ལ་སྐྱོང་ཡོད་རེེད
དེ་ནི་འཛམ་བུ་གླིང་ཞེས་པའི་ས་ལྒང་ཧྲིལ་པོ་འདིའི་སྒང་ལ་འཚོ་སྡོད་བྱེད་ཡོད་པའི་བོད་མི་རིགས་ཞེས་པའི་ཐ་སྙད་འདོག་སའི་མགོ་ནག་བོད་པ་ཚང་ལ་སྐྱོང་ཡོད་པའི་བཀའ་དྲིན་བླ་མེད་ཞིག་གོ
བཀའ་དྲིན་དེ་སུས་འཇལ་དགོས་ཤེ་ན
དེ་ནི་འུ་ཚང་གི་འཇལ་དགོས
ཇི་ལྟར་འཇལ་དགོས་ཤེ་ན
དཔེ་ཆ་འདི་ལ་བདག་པོ་རང་ཉིད་ཀྱིས་བེད་སྤྱོད་གཏོང་ནས་འཇལ་དགོས
བེད་སྤྱོད་གང་འདྲ་གཏོང་དགོས་ཤེ་ན
མིག་གིས་བལྟ
ཁ་ཡིས་འདོན
རིག་པས་དཔྱད་དེ
ནོར་བུ་རིན་པོ་ཆེ་ཟེར་ན་འདི་ཞིག་ལོས་ཡིན་སྙམ་ཏེ
བཀའ་དྲིན་དེ་ཚོར་དགོསོ།

གུས་ཁྱུང་བཙན་མིང་པས་འབོད་པ་དེས་སྐལ་བཟང་དུས་བཟང་ཉིན་དགའ་བཞིན་སྤྲོ་བཞིན་བྲིས་པས་ཐ་ཚན་མུ་ཙུག་སྨརོ།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།