༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 29
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 5 ཤིས་ཚིག
5 ཤིས་ཚིག
ཤིས་སྨོན་ལྔ་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:རྣམ་དག་དོན་ལྡན།] [གཟིགས་ཐེངས:]

གངས་ཡུལ་ཞིང་འདིའི་བློ་གསལ་མཛད་པ།།

གངས་ཀྱི་སྟོན་པ་ངོ་མ་གཤེན་རབ་རྗེ།།

གངས་ནས་གཤེགས་ཀྱང་གང་གསུང་མ་ནུབ་པ།།

གངས་མིའི་བསོད་སྐལ་ཏོག་ཏུ་འབར་འདི་རྨད།།


འབྱམས་ཆེན་ཐུགས་ཀྱི་ཀློང་ནས་བརྡོལ་བ་ཡི།།

བསམ་ཡས་བོན་སྲིད་འོད་དཀར་ཟླུམ་པོའི་མདངས།།

ས་སྒང་གོ་ལ་ཧྲིལ་པོར་ཁྱབ་པ་འདི།།

ཉིད་ཀྱི་འཕྲིན་ལས་ཟད་མེད་གཏེར་མཛོད་དངོས།།


ཁྱེད་ཉིད་གཤེགས་པའི་ཤུལ་ལམ་རིང་མོ་སྟེ།།

ཁྲི་འདས་ལོ་ལ་སྟོང་ཕྲག་བརྩེགས་ན་ཡང་།།

སྐུ་གསུང་ཐུགས་ཡོན་ཟད་པ་མེད་པ་ཡི།།

ད་དུང་མཚན་སྙན་འབྲུག་ལྟར་ཆེམས་པ་ཉིད།།


ཁྱེད་གསུང་ཕྱོགས་སུ་བསྡུས་པ་སྒོ་མཛོད་བོན།།

ས་ཡི་རྡུལ་ཕྲན་གྲངས་བཞིན་རྒྱས་འཕེལ་ནས།།

གང་འདུལ་བློ་དང་འཚམས་པའི་གསོས་གྱུར་ཏེ།།

སྟོང་གསུམ་འགྲོ་བ་སྨིན་དུ་དཔལ་དུ་ཤོག།


གསུང་ཆེན་འཕྲུལ་ཡིག་རྩེགས་པའི་གླེབས་བམ་དག།

རྡུལ་གྱི་ནབ་བཟའ་མཐུག་པོས་མ་གཡོགས་པར།།

ཐོས་སྒོམ་བརྩོན་པའི་སྐྱེས་བུས་སར་ཁྱབ་ཏེ།།

རྟོགས་ཆེན་རྒྱུད་ལ་འཁྲུངས་པའི་རྒྱུ་རུ་ཤོག།


  ༢༠༡༥/༡༡/༢༣ཉིན་རྣམ་དག་དོན་ལྡན་ནས་ཕུལ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།