༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 5 ཤིས་ཚིག
5 ཤིས་ཚིག
གསུང་རབ་སྒོ་མཛོད་རིན་པོ་ཆེའི་བོན་སྡེའི་རྟོགས་བརྗོད།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:ཤིས་བརྗོད་འབུལ་མཁན།] [གཟིགས་ཐེངས:]


གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ཞལ་འབྱེད་

རབ་གནས་མཛད་སྒོའི་ཤིས་ཚིག




སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།

   ཏི་སེ་ལས་ཀྱང་མདངས་དཀར་ཞིང་།  མ་པང་ལས་ཀྱང་གཏིང་ཟབ་པའི་མེས་པོའི་རིང་ལུགས་སྟེ།  ཁ་བ་གངས་ཅན་པའི་རིག་གཞུང་ཆེན་མོ་༼གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ༽སྒོ་འབྱེད་གྱི་མཛད་སྒོ་ད་ལྟ་དངོས་སུ་དབུ་འཛུག་རྒྱུ་ཡིན།  

   མཚམས་འདི་ནས་ཐོག་མར་མཛད་སྒོ་ཆེན་མོ་འདིར་ཕེབས་པའི་དབུ་ཁྲིད་རྣམ་པ་དང་།   གོང་འོག་བར་གསུམ་ནས་ཕེབས་པའི་སྐུ་མགྲོན་ལྷན་རྒྱས།   དེ་བཞིན་འདིར་བཞུགས་ཚོགས་མི་ཡོངས་སུ་རྫོགས་པ་དེ་རིང་འདི་གར་གདན་གཅིག་ཏུ་འཛོམ་ཐུབ་པར་དགའ་སྤྲོའི་ཐལ་མོ་དང་བཅས་བཀྲ་ཤིས་བདེ་ལེགས་དང་གུས་འདུད་ཞུ་གི་ཡིན།

      ལྷག་པར་དུ།   སྤྱི་ལོ་ ༢༠༡༡ ལོ་ནས་བཟུང་འདི་ལོའི་སྤྱི་ཟླ་༨པའི་བར།  ༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེའི་སློབ་སྟོན་འོག་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་ལས་མི་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་གནང་སྟེ་དཀའ་བ་བརྒྱ་སྟོང་གིས་འབད་བརྩོན་ཞུས་པའི་མཇུག་འབྲས་སུ།  བྱ་བཞག་རླབས་ཆེན་འདི་འདྲ་ལེགས་གྲུབ་བྱུང་བ་ལ།  ཁོ་བོ་རང་ཉིད་ཀྱིས།  སྙིང་ཁོང་རུས་པའི་གསེང་ནས།  ལས་མི་ཡོངས་ལ་འཚམས་འདྲི་དང་སྦྲགས་ཐུགས་རྗེ་ཆེ་ཞུ་གི་ཡིན།  ཐུགས་རྗེ་ཆེ།

      མཁྱེན་གསལ་ལྟར་ད་སྔོན་ང་ཚོས།  ༼སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས།༽ཞེས་པོ་ཏི་ཉིས་བརྒྱའི་བདག་ཉིད་ཅན་ཞིག་ལོ་མང་རིང་འབད་བརྩོན་ཞུས་ཏེ་དཔར་ཐེངས་དང་པོ་དཔར་སྐྲུན་ལེགས་གྲུབ་བྱུང་བ་དང་ལྷན་དུ་འཛམ་གླིང་ས་ཕྱོགས་གང་སར་འགྲེམ་སྤེལ་དང་།བརྡ་ཁྱབ་ཞུས་ནས་ཆོས་དད་མི་མང་དང་།  དགེ་འདུན་པ།  དེ་བཞིན་བོན་ཞིབ་འཇུག་པ་རྣམས་ཀྱི་རེ་བ་གང་ལ་གང་འཚམས་སྐོང་ཐུབ་ཡོད་པ་ནི་ང་ཚོས་བྱས་རྗེས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།

     དེ་མུས་རྒྱ་ཆེའི་མི་མང་རྣམས་ཀྱི་དགོས་འདུན་ལྟར་སླར་ཡང་དཔར་ཐེངས་གཉིས་པ་བསྐྲུན་པ་དང་ལྷན་དུ་བགྲང་བྱ་ལྔ་ཡི་རིང་དཔེ་བསྡུར་བསྐྱར་མ་གནང་ཞིང་ཕྱག་ལས་ཧུར་ཐག་གནང་བའི་འབྲས་བུར་༼གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།༽ཞེས་དེབ་གཟུགས་གླེགས་བམ་༡༥༠ཅན་འདི་ཉིད།  དེ་རིང་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་འདིར་དངོས་སུ་འཛམ་གླིང་ཐོག་ཏུ་ཞལ་འབྱེད་ཐུབ་པའི་སྐལ་བཟང་གི་ཉིན་མོ་འདིར་བཀྲ་ཤིས་བདེ་ལེགས་ཞུ།

    འདིའི་དམིགས་ཡུལ་གཙོ་བོ་ནི།  འཛམ་གླིང་ཐོག་གི་ཞང་བོད་ཞིབ་འཇུག་པ་སོགས་ཤེས་ཡོན་པའི་སྡེ་དང་།   སློབ་གཉེར་བའི་སྡེ།  ཉམས་ལེན་པའི་སྡེ་སོགས་མདོར་ན།  ཐུན་མིན་བོན་གྱི་སྙིང་དོན་རྒྱུད་ཐོག་ཏུ་ལེན་འདོད་པ་རྣམ་པའི་དགོས་མཁོ་སྐོང་ཐུབ་པའི་རེ་བ་དང་ཡིད་ཆེས་ཞིག་ཡོད་པས་ཡིན་ལ།ཁྱད་པར་དུ།  བསྟན་པ་རིན་པོ་ཆེ་འདི་ཉིད་སྲིད་མཐའི་བར་ཡུན་རིང་དུ་གནས་ཐུབ་པའི་ཆེད་དང་།  ཡང་སྒོས་སུ་མ་འོངས་མི་རབས་རྗེས་མ་ཚོ་ལ་སློབ་སྦྱོང་གི་མཐུན་རྐྱེན་ནམ་ཞབས་འདེགས་བསྒྲུབས་པའི་རྣམ་པ་ཞིག་ཡིན་པ་སྨོས་མེད་ལགས།

      དེས་ན་བྱ་བཞག་འདི་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་མཁན་གྱི་འབྲེལ་ཡོད་ཤེས་ལྡན་མི་སྣ་ཡོངས་སུ་རྫོགས་པར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་ཁྱེད་རྣམ་པའི་ཚེ་བསོད་རླུང་རྟ་ཡར་ངོའི་དཔལ་ལ་འགྲན་པ་དང་།  བདེ་སྐྱིད་ལོངས་སྤྱོད་ལྷ་ཀླུའི་མཛོད་ལྟར་ཕུན་ཚོགས་ཤིང་།ཚེ་རབས་ཕྲེང་བར་བསྟན་ལ་ལྷག་བསམ་དཀར་བའི་སྐྱེས་མཆོག་རིམ་པར་བརྒྱུད་དེ་མཐར་ཐུག་འབྲས་བུ་སྐུ་གསུམ་རྫོགས་པའི་གོ་འཕང་མངོན་དུ་བརྙེས་ནས།  བདེ་བ་ཆེན་པོའི་རྒྱལ་ས་ཟིན་པའི་རྒྱུ་རུ་གྱུར་ཅིག་ཅེས་གསོལ་སྨོན་དང་བཅས།

    ཚང་མར་བཀའ་དྲིན་ཆེ་ཞུ།



门库经典汇编”古籍图书的仪式祝词

     皈依三宝尊前敬顶礼

    像冈底斯雪山一样纯洁无比、像玛旁雍措圣湖一样深远无比的祖先宗派,雪域人们的文化精髓,揭开“门库经典汇编”典礼正式开始。

   今天参加典礼的广大僧俗百姓,还有从远道而来的各位来宾,非常感谢大家百忙之中抽空来参加典礼。今天让大家观赏自从20118月开始法王伟色金巴彭措仁波切带领下,大藏经古文编辑部的成员们昼夜工作艰苦奋斗的成果,是不可思议之功业,非常感谢参与古文编辑的每位工作人员,万分感谢!

   到目前为止我们已经编辑完毕了“四门五库古籍汇编”有两百本,是多年的努力成果,第一次发行得到圆满,并彼等经函免费向世界各地结缘。五年期间我们共同努力编辑工作下,揭开了“门库经典汇编”的150本古文典籍。

     我们的目的是保护世界文化遗产,也是给文物爱好者们无私地提供更多的古文典籍,尤其是弘扬佛法,久住世间,利益众有情,促使后代信众行善舍恶等意义重大。

    再次非常感谢各位,一直以来对我们的古文编辑工作大力支持和帮助。古文编辑时所有捐助者、随喜者、参与者、见闻者、传播者均造积无量功德。愿所有人避免一切灾难、安康福寿、长寿富贵、事业顺利,来世登入极乐极速受得殊胜三身正觉之果。

            扎西德勒!



“Series of Precious Bon Scriptures of Four Doors and Treasury the Fifth”Book of ceremonygreeting


   Prostrations to the three jewels.

  Today we have gathered to hold the ceremony to open the door of the‘Series of the Precious Bon Scriptures of the Four Doors and the fifth, theTreasury’. This series contains the essence of the culture of the people of theland of snow. Its purity is matchless like the purity of Mount Tise, And it isextremely profound, like the lake Maphan Yumtsho.

   The majority of the guest who attend to the ceremony have come fromafar, and we want to thank you very much for taking the time to attend.

   Today we see the result of many years of hard work done by the religiousmaster Odse Jinpa Phuntshok Rinpoche and the members of ‘ancient scriptureseditorial department’. Since August 2011 they have worked very hard, day andnight. And theirs is a wonderful achievement. Thank you very much to each staffmember involved in editing!

     Thus we have finished "The ancient scriptures of the four doors andthe fifth, the treasury". All together there are two hundred books. Duringthese five years we together worked to edit "Series of Precious BonScriptures of Four Doors and Treasury the Fifth " of 150 ancient classics.

 Now publication has been successful, we cangive the result as a present to believers all over the world.

   Our aim is to protect the world's cultural heritage, and to selflesslyprovide the more ancient texts to enthusiasts for cultural relics.

 But especially it is to spread the teachingof Buddha, so it will remain for a long time on the world and benefit sentientbeings, to promote more and more people to do good deeds, and to benefit futuregenerations.  

   Thank you very much to all of you who have supported and helped ourclassical editing team. Thank you to the donors, those who rejoiced,participants, communicators. All of you will obtain boundless virtuousachievement.

   May all people avoid any kind of disaster, enjoy good health, wealth andlongevity, have a successful career, be born in a pure land in the next life,and quickly obtain the perfect fruit of the three Bodies.

Congratulations!





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།