༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
ཀུན་གསལ་གྱི་ཉི་མ་ཁྱེད།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:ཁྱུང་བསོད་བློ་ནས།] [གཟིགས་ཐེངས:]

གངས་ཁྲོད་དུ་མཚན་དཔེ་བཞད།།
མཁས་གྲུབ་ཀྱི་ཁྱུང་ཆེན་འཁྲུངས།།
སློབ་ཚོགས་སུ་ཆིབས་ཁ་བསྒྱུར།།
ལྔ་རིག་གི་འཚོ་བ་རོལ།།

བཅུ་རིག་གི་གཤོག་རླབས་རྒྱས།། 


ཛ་དྲགས་ཀྱི་ཆར་སྨག་ནང་།།
བསྟན་པ་ཡི་རྐང་འཛིན་ཆེད།།
མདའ་གྲི་ཚོའི་ར་བར་ནས།།
སྐུ་སྲོག་དམར་འབན་དུ་བཙུགས།།
གསར་རྙིང་གི་ལ་རྒོད་བརྒལ།།

 

རྒྱུས་མེད་ཀྱི་མི་ཡུལ་དུ།།
དཀའ་སྤྱད་ཀྱི་འབད་པ་བྱས།།
  ཀ་གདན་བཏིང་གཤེན་ས་བཟུང་།།
གནམ་སྟོན་གྱི་གྱེར་མི་ཚོ།།
བཀའ་དྲིན་དེ་ཨེ་ཚོར་གདའ།།

 

ལྷག་བསམ་དེ་བོན་ལ་སྐྱོང་།།
བརྩེ་སེམས་དེས་འགྲོ་ལ་གཟིགས།།
ས་གསུམ་གྱི་སེམས་དཔའ་དངོས།།
རླབས་ཆེན་གྱི་རྗེས་བཞག་དེ།།
མཐོང་ཆེན་ཞིག་ཨེ་ཤེས་གདའ།།

 

འཛམ་གླིང་གི་ནོར་བུ་དངོས།།
ཀུན་གྲུབ་ཀྱི་རྒྱལ་སྲས་མཆོག།
བསྐལ་བརྒྱར་ཡུན་བརྟན་པ་འདི།།

གྱེར་མི་ཚོའི་སྐལ་བཟང་ཞིག།

ཡིན་པ་དེ་ཨེ་ཚོར་གདའ།།

 

ཐེག་དགུ་ཡི་ཐབ་ལྷ་གསོས།།
འདུས་སྡེ་ཡི་གཡང་ཞག་འཁྱིལ།།

གཤེན་ཆེན་གྱི་ཐབ་ཚང་ནང་།།
བཤད་སྒྲུབ་ཀྱི་སྡོང་རྐང་བཙུགས།།
གྱེར་བསྟན་གྱི་སྒྲོན་མེ་སྤར།།

 


བྱམས་བརྩེ་ཡིས་ཐུཊ་རྒྱུད་ཕྱུག།
སྤྱི་ཚོགས་ཀྱི་གླིང་ཁ་འདིར།།
མ་འོངས་པའི་སློབ་གསོ་མཁས།།
ཀུན་གསལ་གྱི་ཉི་མ་ཁྱེད།།
བཀའ་དྲིན་དེ་བརྗེད་མི་སྲིད།།


༢༠༡༤-༩-༡༩-༩-ཁྱུང་བསོད་བློ་ནས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།