ཁྱུང་པོའི་དྲ་བ་ཁྱེད་འཛམ་གླིང་ཚན་རྩལ་རིག་པའི་ཐོག་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ནི་ཡ་ཐོག་སྲིད་པའི་ཆགས་འཇིག་བརྗོད་པའི་བགྲེས་པོ།
གནས་བབས་འདི་ཡི་གནས་ཚུལ་སྟོན་པའི་གསར་འགོད་པ།
མ་འོངས་པའི་ལམ་སྟོན་གྱི་སློབ་དཔོན་ཆེ་མོ།
ཁྱེད་ནི་སྒང་དྲུག་གི་ཕང་བ་ནས་བརྡོལ་བར་དགའ་བསུ་ཞུ།
རེད་ཡ། ཁྱེད་ནི་ཤེས་ཡོན་གྱི་བང་རྩལ་འགྲན་སའི་ཐང་ཆེན་དང་།
རིན་མེད་ཀྱི་དཔེ་མཛོད་ཁང་།
ཐུན་མོང་གིས་སྤྱོད་ཡུལ་དུ་གྱུར་པའི་གནས་ལྔའི་བང་མཛོད་ཞིག་ཅི་ལ་མིན།
ངོ་མ་རེད།
ཁྱུང་ཕྲུག་ཚོ་ཁོང་གི་ལྷན་དུ་ཤེས་བརྒྱའི་འགྲན་རྩོད་ཐོག་ཏུ་འགྲོ་ཡ།
ཁོང་ནི་བཅོ་ལྔའི་ཟླ་བའི་ལྷན་དུ་འཛམ་གླིང་དུ་འཆར་སོང་།
ཁྱུང་ཕྲུག་ཚོ།
བདག་ཅག་སྟོན་པའི་མཛད་རྣམ།
ཞང་ཞུང་རྒས་པོའི་ལོ་རྒྱུས།
གཉའ་ཁྲི་བཙན་པོའི་གཟི་བརྗིད།
གྲི་གུམ་བཙན་པོའི་འཆར་གཞི།
ཁྲི་སྲོང་སྡེ་བཙན་གྱི་གསང་བ།
གཡུང་དྲུང་བོན་གྱི་ལྟ་གྲུབ།
ལྟ་གྲུབ་དབར་གྱི་ཤན་འབྱེད།
གླེང་ཤོག། ཤོད་ཤོག །
ཕ་བཟང་གི་བུ། མ་བཟང་གི་བུ་མོ།
རིག་པའི་འཕར་རྩ་སྒུལ་ཤོག །
ལོ་ཙ་བ་སྐད་གསུམ་གྱི་བདག་ཉིད།
པཎ་ཌི་ཏ་རིག་པའི་མངའ་དབང་ཆེན་མོ་ཁོང་གི་ལྷན་དུ་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ང་ཚོ་ངོ་མར་དགའ་འོས་པ་ཞིག་མ་ཡིན་ནམ།
ཨ། གྲོགས་པོ་ཚོ། གསར་འགྱུར། རྩོམ་རིག །སྒྱུ་རྩལ།
ཅི་ཞིག་ཡིན་རུང་གནམ་གྱི་བདག་པོས་བཀོད་སྒྲིག་མི་དགོས་པར་སྐར་ཆའི་བར་གོ་ལ་ཧྲིལ་པོ་ཡོངས་རྫོགས་ཁྱབ་བཞིན་པའི་དུས་སྐབས་འདིར་ཁོང་མཇལ་བ་ནི།
འུ་ཅག་ཚོའི་བསོད་སྐལ་ཞིག་ཏུ་འཁུམས།
རིགས་མཐུན་ཚོ།
བརྡ་འཕྲིན་གྱི་ལམ་ནས་ང་ཚོའི་རང་གཤིས་མངོན་ཡ།
ཨ། རིགས་བཟང་གི་སྐྱེས་ཕྲུག་ཚོ།
གཤང་ལྕེས།༢༠༡༤/༣/༡༥/ཉིན།།