༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དགོན་གནས། > 2 དགོན་སྡེ།
2 དགོན་སྡེ།
༧ བོན་གྱི་གྲྭ་ས་གཙང་གཡུང་དྲུང་གླིང་ནི།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-28] [གཟིགས་ཐེངས:]

 བོན་གྱི་གྲྭ་ས་གཙང་གཡུང་དྲུང་གླིང་ནི།

13961946368288.jpg

     བོད་ལྗོངས་གཞིས་ཀ་རྩེའི་ས་ཁུལ། གནམ་གླིང་རྫོང་གི་ཁོངས་ལྷ་ས་ནས་རླངས་འཁོར་ཆུ་ཚོད་བཞི་ཙམ་འགྲོ་སའི་ས་ཆ་རུ་ལག་ཏུ་ཡོད་ལ།དགོན་སྡེ་འདི་ཐོག་མར་།བླ་ཆེན་དྲན་པའི་ཞལ་བྱང་ལས།།བོད་ཡུལ་འོ་ཡུག་ས་མདའ་རུ།།བོན་གྱི་འདུས་སྡེ་ཆེན་པོ་ཆགས།།སྣང་བ་དབང་དུ་འདུས་པ་ཡི།སྣང་ཞིག་ཐོགས་མེད་བྱ་བ་འབྱུང་།།ཞེས་པའི་ལུང་ཟིན་གྱི་སྐྱེས་བུ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས།དུས་རབས་བཅུ་དགུ་པའི་ཤིང་རྟ་ལོ་༼ཕྱི་ལོ་༡༨༣༤༽ལོ་ལ་ཕྱག་བཏབ་ནས་ཕྱི་ནང་གི་བཀོད་སྒྲིག་ཐམས་ཅད་སྨན་རི་བའི་ལུགས་ལྟར་བྱས།མཁན་ཆེན་ཉི་མ་བསྟན་འཛིན་དང་ཟུང་འབྲེལ་བྱས་ནས་བཤད་གྲྭ་བཙུགས་ཏེ་བོན་གྱི་མཚན་ཉིད་ཀྱི་འདུས་སྡེ་ཆེ་ཤོས་ཤིག་ཏུ་གྱུར། དགོན་གྱི་བསྟན་བདག་གི་མཁན་པོ་ནི་སྨན་རི་བཞིན་བོན་སྐྱོང་བསྐུལ་ནས་རྟགས་རིལ་སྒྲིལ་བའི་སྲོལ་བྱུང་།ད་བར་དུ་མཁན་རབས་དགུ་དང་ཡོངས་འཛིན་གདན་རབས་བཅུ་གཅིག་བྱུང་ཡོད།  

བྱེས་ཀྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ནི། རྒྱལ་གར་གྱི་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོང་གྲོང་ཁྱེར་སོ་ལན་ནས་ཀི་ལོ་མེ་ཊར་༼༡༤༽ཡོད་པའི་ཌོ་ལན་ཇི་ཞེས་པའི་ས་ཆ་རུ་ཡོད་ལ།དེ་ནི་ཐོག་མར་དུས་རབས་ཉི་ཤུ་པའི་མེ་ལུག༼༡༩༦༧༽ལོར་ས་ཉོས་ནས་ས་སྤྲེལ་༼ཕྱི་ལོ་༡༩༦༨༽ལོ་དགོན་པ་བཞེངས་འགོ་བཙུགས།ལོ་དེའི་ཕྱི་ཟླ་གསུམ་པའི་ནང་རྒྱལ་བ་སྨན་རིའི་ཁྲི་འཛིན་རྟགས་རིལ་བསྒྲིལ་རྒྱུའི་ཐུགས་ཐག་བཅད་ནས་རྟགས་རིལ་བསྒྲིལ་ནས་དགེ་བཤེས་སངས་རྒྱས་བསྟན་འཛིན་ལ་བབ། སྐབས་དེ་དུས་དགེ་བཤེས་སངས་རྒྱས་བསྟན་འཛིན་མཆོག་ནོར་ཝེར་ཨོ་སོ་ལོ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་གནང་བཞིན་ཡོད་སྟབས།ལོ་གཅིག་ཙམ་རྗེས་ནས་བོན་གཞིས་ཐོབ་རྒྱལ་གསར་པ་རུ་ཞབས་སོར་འཁོད་ནས།ཕྱི་ལོ་༡༩༦༩ལོར་སྤྱི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་རྒྱལ་བ་སྨན་རིའི་གསེར་ཁྲི་ལ་མངའ་གསོལ་ནས་མཚན་ལ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་གསོལ།འདུས་སྡེའི་བཅའ་སྒྲིག་ནི་རྒྱལ་བ་སྨན་རི་ཚང་གི་ལུགས་སྲོལ་ལྷད་མེད་བཀོད་སྒྲིག་མཛད།དེ་ནས་ཁྲི་འཛིན་རིན་པོ་ཆེ་དང་སྨན་རིའི་ཡོངས་འཛིན་རྣམ་གཉིས་གསུམ་ཟུང་འབྲེལ་བྱས་ཏེ།ཕྱི་ལོ་༡༩༧༦ལོར་བཤད་སྒྲུབ་འདུས་སྡེ་གསར་འཛུགས་གནང་ནས་བཤད་སྒྲུབ་ཀྱི་བསྟན་པ་ཉམས་གསོ་མཛད་དེ་ད་བར་བཤད་སྒྲུབ་བསྟན་པ་དར་རྒྱས་བྱུང་སྟེ་བསྟན་འགྲོའི་དོན་ཆེན་ནུས་པའི་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ལས་བརྒལ་བ་བྱུང་ཡོད་ལ།ཕྱི་ལོ་༡༩༩༢ལོོར་ཡང་སྟོན་དགེ་བཤེས་ཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་སྨན་རིའི་དཔོན་སློབ་དུ་མངའ་གསོལ་ནས་བཤད་སྒྲུབ་ཀྱི་བསྟན་པའི་མཛད་ཕྲིན་སྐྱོང་མུས་ཡིན།དགོན་སྡེ་དེ་ནི་དུས་ཀྱི་གཉན་འཕྲང་ཞིག་གི་ནང་དུ་བོན་གྱི་བསྟན་པ་མིང་གི་ལྷག་མ་ཙམ་གྱུར་བའི་དུས་སླར་ཡང་དར་འགོ་བརྩམ་སའི་གཟི་བརྗིད་ཅན་གྱི་འདུས་སྡེ་ཞིག་ཏུ་གྱུར་ཡོད།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།