༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 7
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
༧ སྐྱབས་རྗེ་བདེར་བར་གཤེགས་པའི་གདུང་མཆོད་རྫོགས་པའི་ཉིན་མོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2025-08-06] [རྩོམ་པ་པོ།:རུ་ཚ་རྔུལ་ཚའི་བུ་ཕྲུག] [གཟིགས་ཐེངས:]

1754459250365930.jpg

སྤྱི་ལོ་ 2025/ 8/ 3/ ཧོར་ཟླ་༦ / ༩ ཉིན་སྐྱབས་རྗེ་སྨྲ་བའི་སེང་གེ་བརྒྱུད་གསུམ་བོན་གྱི་མཛོད་འཛིན་བཅུ་ཕྲག་རིག་གཞུང་བོན་གྱི་བདག་ཉིད་ཆེན་པོ།  སྐབས་བབ་དོན་གྱི་ཆེད་དུ་སྐུ་མཚན་ཐད་ཀར་ཞུ་ན།  ཐམས་ཅད་ཡོངས་ཀྱི་རྩ་བའི་བླ་མ་ངེས་པ་དོན་གྱི་གཙུག་གི་ནོར་བུ་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག  །དུས་བབ་ལ་གཟིགས་ཏེ་རིགས་བརྒྱ་རིགས་གཅིག་ཏུ་བསྡུས་ཏེ་བསྟན་འགྲོའི་དོན་དུ་སྐུ་སྐྱེ་བ་མི་རུ་བཞེས་ནས་དགུང་གྲངས་གཅིག་བརྒྱ་ཐམ་པ་བཞུགས་ཏེ།  འཕྲིན་ལས་རླབས་ཆེན་སྐུ་ཚེ་གང་པོར་གནང་ནས།  མཛད་པ་ཡོངས་ཀྱི་རྗེས་མ་ཐུན་མོང་གི་སྣང་ངོར་རྣམ་འདྲེན་མཆོག་གི་གསང་གསུམ་བོན་ཉིད་བདེ་བ་ཆེན་པོའི་དབྱིངས་ཀློང་དུ་མངོན་པར་བསྡུས་ཏེ།  ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྟག་ཁྱབ་བདེ་བ་ཆེན་པོའི་ཀློང་ནས་ནམ་མཁའི་ཁྱབ་ཚད་འདྲེན་པར་མཛད་དེ་གཞོན་ནུ་བོན་སྐུའི་ཀློང་དུ་བཞུགས་ཤིང་ཐིམས་ནས།  དགུང་ཞག་ཞེ་དགུའི་མཇུག་གདུང་མཆོད་རྫོགས་པའི་ཉིན་མོར་རང་གཞན་སེམས་ཅན་ཀུན་གྱི་ཚོགས་རྫོགས་སྒྲིབ་སྦྱོང་ལུས་བདེ་སེམས་སྐྱིད་དང་།  དམ་པ་མཆོག་གི་སྔ་རྗེས་ཀུན་ཏུ་གདུལ་བྱ་འཕྲིན་ལས་དགོངས་བཞེད་ཐམས་ཅད་མ་ལུས་ལུས་པ་མེད་པ་ཡོངས་སུ་འགྲུབ་པའི་ཆེད་དུ་དམིགས་ཏེ།  

1754459777949630.jpg

1754459741803606.jpg


1754459806252675.jpg

1754459828536323.jpg

ཀོང་པོ་ཐུགས་སྤྲུལ་བོན་རི་ཆེན་པོའི་གནས་མདུན། གཉན་ཁྲི་དུ་ཡོད་པའི་གུར་མདོ་ཚང་གི་ཡངས་ཐོག་རབ་གསལ་ཁང་བཟང་དུ།  ཚ་རོང་བ་ལྷག་བསམ་ཅན་གྱི་དད་ལྡན་འགའ་དང་།  སྟེང་དགོན་བླ་མ་སྟོན་འཁོར་ཡོངས་ནས་སྐྱབས་རྗེ་མཆོག་གི་སྐུ་དཔར་མཐོང་བ་རང་གྲོལ་དང་།  གསུང་འབུམ་ཆ་ཚང་མདུན་དུ་རྣམ་ལྔ།  རྟགས་བརྒྱད།  མཎྚལ་སོགས་མཆོད་པ་གང་འགྲུབ་རྒྱ་ཆེར་ཚར་དུ་དངར་བར་བཤམས་དར་ལེགས་པར་བྱས་ཤིང་གསོལ་འདེབས།  བླ་མ་མཆོད་པ།  བསྔོ་བ་སྨོན་ལམ་འདོན་ཞིང་དབྱངས་ལ་བསྐྱོན་བཞིན་ཕྱག་འཚལ།

1754459860791005.jpg

མཇུག་ཏུ་རིས་མེད་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་གྱེར་ནས་དབང་མཆོག་ཞུས་བཞིན་མཇུག་ཡོངས་སུ་གྲུབ་པར་བྱས་པའི་གནད་བསྡུས་འདི།  ཚ་བའི་འཕྲུལ་མདའི་དགོངས་བཞེད་ལྟར།  རུ་ཚ་རྔུལ་ཚའི་བུ་ཕྲུག་པས་སོ།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།