༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 7
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 4 གསར་བརྡ།
4 གསར་བརྡ།
ཁྱུང་གསེར་གཡུ་མདོས་གཤེན་སྲས་རིན་པོ་ཆེར་གདུང་མཆོད་ཕུལ་བ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2022-02-16] [རྩོམ་པ་པོ།:ཁྲི་རིག་པའི་མདས་སྦྱར།] [གཟིགས་ཐེངས:]

微信图片_20220213223104.jpg

1644970881602444.jpg

དེ་རིང་རྒྱལ་ཟླ་བའི་ཚེས་༡༥ཉིན༧སྟོན་མཆོག་བརྒྱ་པའི་མགོན་པོ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་འཁྲུངས་མཆོད་དང་བསྟུན།  ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པའི༧སྐྱབས་མགོན་དམུ་རིགས་གཤེན་གྱི་གདུང་སྲས་ཆེན་མོ་གང་ཉིད་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར། རེ་ཞིག་སྐུ་ཡི་བཀོད་པ་ཞིང་ཁམས་གཞན་དུ་བསྒྱུར་སོང་བ་ནི། མགོན་པོ་ཁྱེད་ཀྱི་སྐྱབས་འོག་ཏུ་ཚུད་པའི་དད་འབངས་ཡོངས་ཀྱི་སེམས་ལ་ཐེག་དཀའ་བའི་ན་ཟུག་དང་སྐྱོ་གདུང་དྲག་པོས་མནར་བ་ནི་སྨྲོས་ག་ལ་དགོས། ལྷག་ཏུ་སྐྱབས་གནས་དཀོན་ཅོག་གསུམ་ལ་དད་པའི་མདུད་རྒྱ་ཞིག་མ་མྱོང་ཞིང་། ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་བསམ་པ་ནུབ་མ་མྱངས་བའི་ངའི“ཁྱུང་གསེར་གཡུ་མདོ”འི་ལྷ་སྡེ་རྣམས་མ་གྲོས་བསམ་གཅིག་ཏུ་མཐུན་ཏེ། རྒྱལ་བ་གཤེན༵་གྱི་གདུང་སྲས༵་མཆོག་ལ་དད་འདུན་གཡོ་བ་མེད་པའི་སྒོ་ནས་གདུང་འདེབ་མཆོད་པ་འབུལ་འབྲས་ལ་འདི་ཟླའི་ཚེས་བཅུ་བཞི་ཉིན་རབ་རྒྱལ་གཡུང་དྲུང་གླིང་གི་ཚོགས་ཁང་ནང་དུ་གང་ཉིད་ཀྱི་སྐུ་པར་མཐོང་བ་རང་གྲོལ་གྱི་མདུན་དུ《སྣང་བ་མཐའ་བྲལ་ལྟ་བའི་སྒྲོན༵་མེ། བྱ་བ་བྱར་མེད་སྤྱོད་པའི་ཡོན༵་ཆབ། ཤེས་པ་རང་ལྷུག་སྒོམ་པའི་སྤོས༵་དྲི། བསྲུང་མཚམས་ཕྱོགས་བྲལ་དམ་ཚིག་ཞལ༵་ཟས། ཉམས་རྟོགས་མངོན་འགྱུར་འབྲས་བུ་མེ་ཏོག༵ 》སོགས་དངོས་འབྱོར་ཡིད་སྤྲུལ་གྱི་སྒོ་ནས་མཆོད་ཚོགས་རྒྱས་པར་བཤམས། བཅོ་ལྔའི་གདུགས་ལ་བླ་གྲྭ་བོན་གཤེན་དབུ་མཛད་སོགས་གྲལ་ལ་འཁོད་དེ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དགྱེས་ཞལ་ཕྱེས་ནས། བདེ་བར་གཤེགས་པ་སྟོང་གི་མཚན་། སྙན་མོ་དབྱངས་ཀྱི་རྟ་ལ་བསྐྱོན། གཞན་རྒན་རྒོན་དང་གཞོན་ནུ་རྣམས་ཀྱིས་གདུང་ཤུགས་དྲག་པོའི་སྒོ་ནས་ཕྱག་འཚལ་བ་དང་། དམ་པ་གང་གི་གསོལ་འདེབས་ངག་ལ་ཟློ་བ། སྐྱབས་སུ་འགྲོ་བ་སོགས་དམ་པ་གང་ཉིད་ཀྱི་ཐུགས་རྗེ་བྱིན་རླབས་ཡིད་ལ་སྨིན་པའི་ཆེད་ཁ་མིན་དོན་གྱིས་གསོལ་བ་བཏབས་ཏེ། ཤུལ་དུ་ལུས་པའི་བོན་འབངས་ང་ཚོ་ཚེ་རབས་ནས་ཚེ་རབས། དམ་པ་གང་གི་ཐུགས་རྗེའི་འོད་གུར་དུ་ཚུད་པ་དང་། བདག་སོགས་ཀྱི་རྒྱུད་ལ་རྒྱུ་ཚོགས་གཉིས་རྫོགས་ཏེ་འབྲས་བུ་སྐུ་གཉིས་འཐོབ་པའི་ཕྱིར་གདུང་འདེབས་མཆོད་འབུལ་གྱི་དགེ་ཚོགས་དྲི་མ་མེད་པ་འདི་ཕུལ་བའི་གནས་འཕྲིན་དུ་ཤེལ་སྐྱེས་ཁྲི་རིག་པའི་མདས་སྦྱར།

1644970933288456.jpg

1644970967862773.jpg

1644970996119914.jpg

1644971028646028.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།