
འགོག་སྨན་སྦྱིན་པས་གཤེན་རབ་འཁྲུངས་མཆོད་བསུ།།

འབྱུང་ལྡན་༣༠༡ རབ་བྱུང་༡༧ ལྕགས་གླང་ལོ་ཧོར་ཟླ༡༢ ཚེས ༡༥ 2022-2-16 ཉིན། སྟོན་པ་གཤེན་རབ་མི་བོའི་འཁྲུངས་ཚེས་ཁེལ་བ་དང་སྟབས་བསྟུན་རྒྱལ་ཁྲིམས་དང་རྒྱུ་འབྲས་གཉིས་ཀར་མཐུན་པ “གཏོ་དཔྱད་ཀུན་རྒྱན་བོད་སྨན་ཁང”ནས་སྨན་སྦྱིན་ཞིག་བྱེད་སྒོ་སྤེལ་བ་ལ། ཤེལ་ཞིག་གཡུང་དྲུང་རྒྱལ་པོ་མཆོག བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་ནང་ལྟར། སྤྱི་ལོ། ༡༥༩༥ལོར་ཤེལ་ཞིག་གི་གདུང་ལ་ཁྱུང་ཡུལ་གསེར་ཚའི་ཡུལ་དུ་སྐུ་འཁྲུངས། ཁོང་ལ་གཏེར་དང་སྙན་བརྒྱུད་མདོ་སྔགས་རིག་གནས་ཅི་རིགས་ཡོད་པ་ལས། ད་ལན་སྐབས་བབས་བོད་ལུགས་གསོ་རིག་སྨན་གཞུང་སྙན་རྒྱུད། སྤྱད་<དཔྱད>རྒྱུད་ཁྲི་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་ལས། “ནག་པོ་སྡེ་བཞིའི་འགོག་སྲུང་བསྟན་པ་ནི། རྔམ་ཆེན་གསེར་སྟག་སེར་པོ་ལ། ཁྲོ་རྔམ་གདུག་རྩུབ་མི་ཕོ་ཞོན། གནམ་ལྕགས་དབལ་གྱི་ཁྲབ་མོ་གྱོན། ཐོད་སྐམ་རིན་ཆེན་དབུ་ལ་རྒྱན། དབུ་སྐྲ་དམར་སེར་མེ་ལྟར་འབར། སྦྲུལ་ནག་གདུག་པའི་རྒྱན་ཆ་མཛེས། ཀློག་<གློག་>དམར་འཁྱུག་པའི་ཡང་ཤམ་བཏགས། གཡས་པས་གསེར་གྱི་འཁོར་ལོ་བསྐོར། གཡོན་པས་དུང་གི་སེར་བ་འབེབ། སྤྲུལ་པའི་ལྷ་བརྒྱད་འཁོར་གྱིས་བསྐོར། དབལ་ཆེན་རྔམ་པའི་སྲུང་སྔགས་འདི། ནག་པོ་གསུམ་སྒྲིལ་ཁྲག་བཤལ་དང་། འབྲུམ་བུ་དཀར་ནག་ཚད་རིམས་དང་། འགོ་ནད་གདུག་པས་ཚུགས་མི་འགྱུར། འགོག་སྲུང་ཡོན་ཏན་ཀུན་འབྱུང་ཞེས་བྱ་བ། འགོ་བའི་ནད་རིགས་སྲུང་བྱེད་རྡོ་རྗེའི་གུར། དར་སྔོན་ནང་དུ་བཏུམ་ལ་སྔགས་འདི་གདབ། བསྭོ་ཨཱོཾ་ཉེ་ལོ་ཡོ་གེ་ཁོད་ཞུང་ཐུན་མུ་མར་བྷྱོ། མ་མ་ཧྲིམ་ཡ་ནག་པོའི་སྙིང་ལ་རྦད་བྷྱོ” ཞེས་གསུངས་པ་ལྟར་སྨན་སྔགས་སྦྲག་མར་བསྟན་པའི “འགོག་སྲུང་ཡོན་ཏན་ཀུན་འབྱུང”གི་སྦྱོར་ཚད་ལག་ལེན་སྨན་སྦྱོར་བཅས་པ། གངས་ཅན་བོད་ལུགས་གསོ་རིག་སློབ་དཔོན་ཚུལ་མཐུན་བསྟེན་ཁུལ་བགྱིས་པའི་ར་མ་ཀུན་རྒྱན་པས་གཏན་ལ་ཕབ་སྟེ་དགོས་དམིགས་དང་བསྟུན་པ་སྨན་སྦྱིན་འབུལ་བ་དོན་དང་ལྡན་པར་གྱུར་ཅིག



ས་གནས། : སྟེང་ཆེན་རྫོང་རྫོང་སློབ་ཆུང་གཉའ།
གོང་གསལ་འགོག་སྨན་བཞེས་མཁན་རྣམ་པས་དོ་སྣང་གནང་རྒྱུ་གཤམ་གསལ།
༡ སྐེ་ལ་འདོགས་ནས་དྲི་མ་ཡང་ཡང་སྣོམ་རྒྱུ་ལས་ཁ་རུ་བཟའ་མི་རུང་།
༢ རིམས་འགོག་འདི་ཁོ་ནས་ཆོག་པར་བྱེད་རྒྱུ་མེད།
༣ འགོག་སྨན་འདིས་དྲི་ངད་སངས་ན་རིམ་འགོག་གི་ནུས་པ་མེད།
འབྲེལ་གཏུག་མི་སྣ་གཙོ་བོ། སྨན་པ། བུ་ཚེ་རིང་། 158 8905 9242
ཁོངས་མི། བསྟན་འཛིན་གཡུང་དྲུང་།
གྲུང་དགའ་ཚེ་རིང་།
དཔལ་འབྱོར་སྟོབས་ལྟན།
བློ་གྲོས་མཁྱེན་རབ།
གཏོ་དཔྱད་ཀུན་རྒྱན་བོད་སྨན་ཁང་ནས 2022-2-13ཉིན་སྤེལ།