

མདོ་ལས། རྒྱལ་བའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་། བོན་ཅན་མཚན་མ་མི་རྟག་དཔེར་བསྟན་ཕྱིར། བོན་ཉིད་དབྱིངས་སུ་མྱ་ངན་འདས་ཚུལ་སྟོན། །མཁའ་མཉམ་ཀློང་གདལ་བོན་ཉིད་དབྱིངས་སུ་འཁོད། ཞེས་གསུངས་པ་ལྟར། ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་ཀྱི་མཐར་ཐུག་མགོན་གྱི་དམ་པ་དམུ་རིགས་གཤེན་གྱི་གདུང་འཛིན་ཆེན་མོ་གཤེན་སྲས་༧ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་ཕྱུང་བའི་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་ཐིམས་པ་ནི་ལས་ཉོན་གྱིས་མ་ཡིན་པར་གདུལ་བྱ་གཞན་ལ་མི་རྟག་པའི་ཚུལ་བསྟན་པ་མཛད་པ་བཅུ་གཉིས་ཀྱི་བསྟོད་པ་ལས་གསུང་པ་ལྟར་རོ། ད་ལན་ཞིང་ཁམས་བ་རིན་པོ་ཆེ་མཆོག་ལ་རི་ཐ་ངང་ཚང་དགོན་ནམ་དཔལ་གཤེན་བསྟན་གཡུང་བསྟན་གྲགས་གླིང་གི་འདུས་པ་སྤྱི་ནས་དམ་པ་མཆོག་གི་ཐུགས་དགོངས་ཡོངས་སུ་རྫོགས་ཕྱིར་གདུང་འདེབས་མཆོད་འབུལ་དུ། ཞི་བ་གཡུང་དྲུང་ཡོངས་རྫོགས་དང་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གཉིས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་དང་མར་མེ་མཆོད་པ་རྒྱས་འབུལ་ཞུས་ཤིང་དད་གསུམ་རྐྱེན་གྱིས་སྐུལ་ཏེ་གདུང་ཤུགས་དྲག་པོའི་གསོལ་འདེབས་དང་སྨོན་ལམ་རྣམ་དག་གིས་མཚམས་སྦྱོར་འདིས་ཞིང་གཤེགས་དམ་པའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་རྒྱུ་རུ་ཤོག་ཅིག་གུ །





