༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དགོན་གནས། > 1 གནས་རི།
1 གནས་རི།
༧ གནས་མཆོག་ཀོང་པོ་བོན་རི་ནི།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-28] [གཟིགས་ཐེངས:]

20131104103445647.jpg

 གནས་མཆོག་ཀོང་པོ་བོན་རི་ནི། 

       བོད་ལྗོངས་ཀྱི་མངའ་ཁོངས་ཉིང་ཁྲི་ཁུལ་དུ་ཡོད་ལ། གནས་དེ་ནི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཀྱིས་མཛད་པ་བཅུ་གཉིས་མཛད་པའི་ནང་ནས་མཛད་པ་དགུ་པ་བདུད་བཏུལ་གྱི་མཛད་པའི་སྐབས་སུ། བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་འོལ་མོ་ལུང་རིང་ནས་གཤེན་གྱི་རྟ་བདུན་བརྐུས་ནས་ཀོང་ཡུལ་དུ་བྲོས་སྐབས། སྟོན་པ་ཉིད་རྟ་ལ་ཆགས་པ་མ་ཡིན་ཀྱང་བོད་སྲིན་པོའི་རིགས་དབང་དུ་བསྡུས་པ་དང་། བདུད་དྲེགས་པ་ཅན་འཁོར་དུ་བསྡུ་བར་དགོངས་ནས་ཀོང་ཡུལ་དུ་ཕེབས་སྐབས། རི་ནག་ཆེན་པོ་ཞིག་ཡོད་པ་དེ་ལ་མི་ནག་ཆེན་པོ་ཞིག་ཡོད་པ་དེས་སྟོན་པ་ལ། ལམ་ནོར་མགྲོན་པོ་ཁྱོད། གར་ཡོང་སུ་ལ་དོན། མི་ལ་ཕྱག་འཚོལ་ལ། རི་ལ་སྐྱབས་སུ་གསོལ་ཟེར། སྟོན་པ་སངས་རྒྱས་ཀྱིས་ལན་དུ། ང་གཤེན་ལ་འགྲན་ཚོལ་བའི་མི་ནག་རེ་ཆུང་ལ། བོན་ལ་དོས་འཛུག་པའི། མི་ནག་རེ་ཐུང་ཨང་གསུངས་ནས། སྟོན་པའི་ཕྱག་གི་མཐེབ་ཆུང་གཡོན་པས་བླངས་ནས་རྐོང་ཀ་སུམ་མདོ་ལ་བཞག་སྟེ། མིང་ཡང་ལྷ་རི་གྱང་ཏོར་བཏགས། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་མདུང་རྩེ་འདྲ་བའི་རི་ཞིག་སྤྲུལ་ཏེ་ལྷ་རི་གྱང་ཏོའི་ཟུར་དུ་བཞག་མཛད། དེ་ནི་ད་ལྟ་དམུ་རི་སྨུག་པོ་ཞེས་པ་དེ་ཡིན། མཐར་བདུད་དམག་ཕམ་ནས་གཤེན་རབ་རྒྱལ་ཏེ་བདུད་དམག་རྣམས་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་ཕྱོགས། རི་དེ་ཡི་ཕྱོགས་མཚམས་གང་སར་སྟོན་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་རྟགས་རང་བྱོན་སྐུ་ཤུགས་སོགས་ཡོད་ལ། སྐུ་རྟེན་དྲི་མེད་ཤེལ་སྐུ། གསུང་རྟེན་འཕར་ཆེན་རང་གྲགས། བསེ་ཁྲབ་ལྕགས་གཞུ་ལྕགས་མདའ། བསེ་ཡི་ཕུབ་མོ་གླིང་ཆེན་བཅས་གཏེར་དུ་སྦས་ནས་ནམ་ཞིག་ཐེག་པ་རིམ་དགུའི་བོན་དར་བའི་སྨོན་ལམ་བཏབ། དེ་བཞིན་ཚད་ལྡན་ཁྱེའུ་བཞི་དང་མཁས་པ་མི་བཞི། དྲན་པ་ནམ་མཁའ། ཚེ་དབང་རིག་འཛིན་སོགས་བོན་གཤེན་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་རྟགས་རང་བྱོན་གཏེར་ཁ་བསམ་གྱིས་མི་ཁྱབ་པ་ཡོད། གནས་དེ་ནི་ཕྱིས་སུ་དུས་རབས་བཅུ་བཞི་པའི་ལྕགས་རྟ་ཕྱི་ལོ་༡༣༣༠ལོར་རྟོགས་ལྡན་རི་པ་འབྲུག་གསས་ཀྱིས་གནས་སྒོ་ཕྱེས་ནས་ད་བར་དུ་གནས་སྐོར་འགྲོ་མཁན་བར་མ་ཆད་པ་ཡོད། བློ་ལྡན་ཟུར་བྱང་ལས། ཐུགས་སྤྲུལ་བོན་རི་ཆེན་པོ་ལ། །གང་བསྒྲུབ་ས་བཅུ་སེམས་དཔའ་ཐོབ། །ཅེས་དང་། ཐུགས་ཚབ་བོན་རི་ཆེན་པོ་ལ། །གང་མཇལ་ཚེ་རབས་སྒྲིབ་པ་བྱང་། །མ་མཇལ་ཡིད་ཀྱིས་གསོལ་བཏབ་ན། །སྐྱེ་བ་གསུམ་ནས་མཐོ་རིས་ཐོབ། །ཅེས་གསུངས། ལྷ་རི་གྱང་ཏོ་ནི་བོད་རྒྱལ་མུ་ཁྲི་བཙན་པོས་གསང་སྔགས་སྤྱི་སྤུངས་སྒྲུབ་ས་དང་མ་རྒྱུད་གནས་ཆེན་ཉེར་བཞིའི་ནང་ཚན། མུ་ཁྲི་གནས་ཀྱི་མཁའ་འགྲོ་ལྔའི་དབུས་མ། སྟོབས་ཆེན་གྱ་ནོམ་མཁའ་འགྲོའི་མའི་གནས་ཀྱང་ཡིན་ནོ། 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།