༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 7
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྒྱུན་ཤེས། > 1 རིག་གནས་རྒྱུན་ཤེས།
1 རིག་གནས་རྒྱུན་ཤེས།
ཁྱུང་པོ་སྟེང་ཆེན་དགོན་གྱི་སྐབས་བདུན་པའི་ཟླ་འཁོར་བགྲོ་གླེང་ཆེན་མོ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2021-08-21] [རྩོམ་པ་པོ།:ལྷ་ཆ།] [གཟིགས་ཐེངས:]

འདི་གའི་ཟླ་འཁོར་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་གནང་བ་ལྟར་དེ་རིང་སྟེ་སྤྱི་ལོ་2021ལོའི་སྤྱི་ཟླ་7པའི་སྤྱི་ཚེས་20ཉིན་ཐེངས་བདུན་པའི་ཟླ་འཁོར་བགྲོ་གླེང་ཆེན་མོ་དེ་ཉིད་བཀའ་འབུམ་རབ་རྒྱས་ཁང་དུ་དངོས་སུ་འཚོགས་པ་དང་།   དེ་ཡང་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དཔེ་ལྟར་ཐེངས་འདི་ཡི་ཟླ་འཁོར་བགྲོ་གླེང་ཆེན་མོའི་ཐོག་༧  དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་དང་སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་རྣམ་གཉིས་དབུ་མགོན་བཞུགས་ཐོག་བཤད་སྒྲུབ་འདུས་སྡེའི་དགེ་རྒན་རྣམ་པ་དང་སློབ་གཉེར་བ་ཡོངས་ཕེབས་ཞུགས་གནང་ཡོད། 

1629522278549201.jpg

1629522345513383.jpg

ཆུ་ཚོད་2.0.0ཐོག་བགྲོ་གླེང་གཙོ་སྐྱོང་བ་བཤད་གྲྭའི་དགེ་རྒན་ཆེན་མོ་བསེ་ཚང་དགེ་བཤེས་རྣམ་དག་ལྡན་མཆོག་ནས་བགྲོ་གླེང་བྱེད་ཡུན་གྱི་དུས་ཚོད་དང་བགྲོ་གླེང་སྐབས་ཀྱི་སྒྲིག་གཞིའི་སྐོར་རྣམས་གསལ་བཤད་མཛད་མཚམས།  བཤད་གྲྭའི་དགེ་རྒན་ཆེན་མོ་དགེ་བཤེས་ཚུལ་ཁྲིམས་མཆོག་ནས<<མ་རྒྱུད་མི་འགྱུར་ཐིག་ལེའི་སྐོར་གླེང་བ>>ཞེས་པའི་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་ཟབ་རྒྱས་གནང་བ་དང་། བགྲོ་གླེང་གཙོ་སྐྱོ་བས་གཙོ་གནད་རྣམས་ཕྱོགས་བསྡོམས་མཛད་དེ་དྲི་བ་དྲིས་ལན་རྣམས་མཇུག་གྲུབ་པ་དང་བསྟུན།  གསང་སྔགས་འཛིན་གྲྭའི་སློ་གཉེར་བ་བྱང་ཆུབ་དོན་ལྡན་གྱིས<<ཁྲོ་བོ་དབང་ཆེན་གྱི་ཕོ་ཉ་ལས་ཐུན་བྷྱོ་ཡི་གྲངས་ལ་དཔྱད་པ>>ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་གནང་ཞིང་གཙོ་སྐྱོང་བས་ཕྱོགས་བསྡོམས་དང་དྲི་བ་དྲིས་ལན་སོགས་གནང་ཟིན་རྗེས།  གསང་སྔགས་འཛིན་གྲྭའི་སློབ་གཉེར་བ་དྲི་མེད་གཡུང་དྲུང་གིས<<ཕྱི་སྣོད་འཇིག་རྟེན་ཆགས་ཚུལ>>སྐོར་ནས་བགྲོ་གླེང་མཛད་དེ་གཙོ་སྐྱོང་བས་ཕྱོགས་བསྡོམས་ཀྱི་གསལ་བཤད་གནང་བ་དང་དྲི་བ་དྲིས་ལན་རྒྱས་པར་གྲུབ་མཚམས་ཆབ་བཞེངས་ཕེབས།

1629522369253394.jpg

1629522397134973.jpg

1629522423878144.jpg

1629522488148230.jpg

ཆུ་ཚོད་4པའི་ཐོག་དྭང་ར་བསྟན་འཛིན་ཤེས་རྒྱལ་གྱིས་གཙོ་སྐྱོང་འོག་གསང་སྔགས་འཛིན་གྲྭའི་སློབ་གཉེར་བ་ཚུལ་ཁྲིམས་དབང་རྒྱལ་གྱིས<<སྔགས་ཕྱི་པ་བྱ་རྒྱུད་པའི་སྐོར་ནས་རགས་ཙམ་གླེང་བ>>ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་གནང་ཞིང་གཙོ་སྐྱོང་བས་ཕྱོགས་བསྡོམས་མཛད་པ་དང་དྲི་བ་དག་ལ་དྲིས་ལན་ཕུལ་བ་སོགས་གྲུབ་རྗེས། བཤད་གྲྭའི་དགེ་རྒན་དགེ་བཤེས་གཡུང་དྲུང་འོད་ཟེར་མཆོག་གིས<<བྱ་རྒྱུད་པའི་ལྟ་བའི་སྐོར།>>ནས་བགྲོ་གླེང་གནད་ལ་ཁེལ་བ་མཛད་དེ་གཙོ་སྐྱོང་བས་ཕྱོགས་བསྡོམས་ཀྱི་གསལ་བཤད་གནང་བ་དང་འབྲེལ་དྲི་བ་དྲིས་ལན་རྒྱས་པར་གནང་ཞིང་དེ་ནས་གཙོ་སྐྱོང་བ་བསྟན་འཛིན་ཤེས་རྒྱལ་གྱིས་མཐའ་བསྡོམ་གྱི་གསུང་བཤད་གནང་རྗེས། ༧  དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་དང་སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་རྣམ་གཉིས་ནས་མ་འོངས་པར་བགྲོ་གླེང་གནང་ཕྱོགས་དང་བགྲོ་གླེང་གི་དགེ་མཚན་གསལ་སྟོན་དེ་བཞིན་སློབ་སྦྱོང་ཡར་སྐྱེད་ཀྱི་སྐུལ་འདེད་དང་སློབ་སྦྱོང་བྱེད་ཕྱོགས་སྐོར་ནས་མཛུབ་ཁྲིད་ཀྱི་སློབ་སྟོན་རྒྱ་ཆེར་གནང་སྟེ་སྐབས་བདུན་པའི་ཟླ་འཁོར་བགྲོ་གླེང་ཆེན་མོ་ཁ་དགེའི་ངང་མཇུག་གྲུབ་པའོ།།  

1629522516320910.jpg

1629522546975939.jpg

1629522565850593.jpg

1629522587869743.jpg

2021/8/20 ཉིན་དྲུང་མིང་པ་ལྷ་ཆ་ནས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།