༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 7
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཚྭ་ནེ་དབེན་ཁྲོད་ཀྱི་སྒྲུབ་ཐོན་མཛད་སྒོ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2021-07-10] [རྩོམ་པ་པོ།:འགན་འཛིན་ཚན་ཆུང་ནས།] [གཟིགས་ཐེངས:]

1625959912570683.jpg

          ཁྱུང་པོ་དཀའ་ནག་སེར་གསུམ་གྱི་ནང་གསེས་གསེར་རྩ་ཚྭ་ནེ་རི་ཁྲོད་དུ་སྒྲུབ་བརྒྱུད་བསྟན་པའི་སྲོལ་ཆེན་ཚུགས་ནས།  མི་ལོ་ཧྲིལ་པོ་བཞི་ཡི་ཡུན་ལ་སྒྲུབ་གྲྭའི་བཅའ་བཀོད་ཇི་བཞིན་ཚོགས་བསགས་སྒྲིབ་སྦྱོང་དང་།  སེམས་དོན་ཉམས་ལེན།  ཐུན་མོང་དང་ཐུན་མིན་གཞུང་ལུགས་ཁག་ལ་སྦྱངས་བརྩོན་བྱས་པའི་འབྲས་རྟགས་གང་འཚམ་གྲུབ་སྟེ།  ལོ་འདིའི་སྤྱི་ཟླ་བདུན་པའི་ཚེས་པ་གཉིས་ཉིན་དགོན་པའི་རྣམ་རྒྱལ་སྟོང་མཆོད་བསྒྲུབ་པ་འཚོགས་པའི་དུས་ཚོད་དང་བསྟུན་ནས་གཤེན་གྱི་སྒྲུབ་ཐོན་མའི་སྐལ་བཟང་དགྱེས་སྟོན་མཛད་སྒོ་འཚོགས་རྒྱུའི་སྐལ་པ་ཤར། 

1625927529225191.jpg

1625927561166336.jpg

1625927673443292.jpg

1625927775376945.jpg

1625927924454839.jpg

1625959505291569.jpg

1625927951966261.jpg

           སྤྱི་ཚེས་ལྔ་ཉིན་མོར་ཁྱུང་དགོན་ཁྲི་འཛིན་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེ་མཆོག  འདུས་པ་ཡོངས་ཀྱིས་ཆིབས་བསུ་སེར་འཕྲེང་ཞུས་ནས་དགོན་འདིའི་སྒྲུབ་གྲྭའི་མཛད་སྒོ་ཚོགས་མགོན་དུ་ཞབས་ཟུང་གསེར་གྱི་འཁོར་ལོ་བདེ་བར་བསྒྱུར།

1625928265709648.jpg

1625960289602083.jpg

1625960511676249.jpg

1625960566387242.jpg

1625965086396220.jpg


1625961176179294.jpg

1625961210878823.jpg

1625928323666742.jpg

          སྤྱི་ཚེས་དྲུག་ཉིན་ཆུ་ཚོད་བཅུ་པའི་ཐོག་ལ་མཛད་སྒོ་དབུ་ཚུགས་པ་དང་། གཤེན་གྱི་སྒྲུབ་ཐོན་པ་སུམ་བཅུ་སོ་གསུམ་གྱི་ནང་མི་སྤུན་མཆེད་རྣམས་ཀྱིས་གཏོང་སྒོ་ལྷ་མི་ཚིམས་པར་ཕུལ་ཞིང་། ཕྱོགས་གཞན་བསྟན་པའི་སྦྱིན་བདག་རྣམས་ཀྱིས་ཀྱང་མཆོག་གསུམ་རྒྱལ་བ་དགྱེས་པའི་གཏོང་སྒོ་ཕུན་སུམ་ཚོགས་པར་བཤམས། 

1625964420319533.jpg

1625964069995672.jpg

དཔལ་ལྡན་བཟང་མོས་སྡེ་སྣོད་མཛོད་ངག་རྒྱུགས་འབུལ་བཞིན་པ།

1625964151751572.jpg

སྦྱིན་པ་བྱམས་མས་བོན་འཆད་མཁས་པའི་མགུལ་རྒྱན་ངག་རྒྱུགས་འབུལ་བཞིན་པ།

1625964208493387.jpg

མཐོང་གྲོལ་བཟང་མོས་ལམ་རིམ་སུམ་བརྒྱ་པ་ངག་རྒྱུགས་འབུལ་བཞིན་པ།

1625964296314054.jpg

ཚུལ་ལྡན་དཔལ་མོས་བོན་འཆད་མཁས་པའི་མགུལ་རྒྱན་ངག་རྒྱུགས་འབུལ་བཞིན་པ། 

1625964583791658.jpg

བསོད་ནམས་བཟང་མོས་རྒྱུད་བུ་ཆུང་བཅུ་གཉིས་ངག་རྒྱུགས་འབུལ་བཞིན་པ།

1625964605680954.jpg

བཟོད་པ་བྱམས་མས་བོན་འཆད་མཁས་པའི་མགུལ་རྒྱན་ངག་རྒྱུགས་འབུལ་བཞིན་པ། 

1625964667420740.jpg

བདེ་ཆེན་ལྷ་མོས་ལམ་རིམ་སུམ་བརྒྱ་པ་ངག་རྒྱུགས་འབུལ་བཞིན་པ། 

1625964744529954.jpg

ཤེས་རབ་དཔལ་ལྡན་གྱིས་འཆད་རྒྱུགས་སྤེལ་བཞིན་པ། 

1625960341414964.jpg

1625929070961010.jpg

1625929090839709.jpg

1625929564109689.jpg

1625929590167119.jpg

1625929622853659.jpg

1625959529188107.jpg

1625930889834191.jpg

1625930931158462.jpg

1625930949393182.jpg

1625959860499760.jpg

1625930967608941.jpg

1625930990135875.jpg

          སྤྱི་ཚེས་བདུན་ཉིན་གྱི་དྲོ་གཞུང་རྗེ་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་མཆོག་གིས་སྒྲུབ་ཐོན་པ་རྣམས་ལ་མཚན་རྟགས་དང་ཕྱག་ཁྱེར་བསྩལ་བ་དང་། བསྟན་སྲིད་སྐྱོང་སྟངས་ལ་སྨར་བའི་བཀའ་སློབ་ཟབ་རྒྱས་གནང་བ་དང་། དུས་ཚོད་བར་གླགས་གང་ཡོད་ནས་དད་དམ་གཡོ་མ་མེད་པའི་བསྟན་པའི་སྦྱིན་བདག་མང་པོས་སྐུ་འགྱེད་དང་མང་ཇ་གྲ་རྒྱས་པོ་ཕུལ། ཕྱི་དྲོར་མཁན་མོ་རྣམ་དག་སྦྱིན་པ་བྱམས་མ་དང་། ཚུལ་ཁྲིམས་དཔལ་ལྡན་བཟང་མོ་གཉིས་གཙོས་པའི་སྒྲུབ་ཐོན་པ་རྣམས་ཁྲི་བཞེངས་མཛད་དང་། སྒྲུབ་པ་ཟབ་མོའི་གཞུག་སྤྱི་ཚེས་དགུ་ཉིན་ཞོགས་ཀ་ལྷ་སྡེ་རྣམས་ཀྱིས་རི་བསྟོད་བསང་གསོལ་བྱས་ཤིང་། ཕྱི་དྲོར་སྟེང་དགོན་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་མཆོག་དང་། མཐོང་གྲོལ་རི་ཁྲོད་དགོན་གྱི་དཔོན་སློབ་མཁས་དབང་ཀུན་བཟང་རྒྱལ་མཚན་ཟུང་གིས་ལྷ་སྡེ་སེར་སྐྱ་ཡོངས་ལ་ཀློང་རྒྱས་བཀའ་དབང་བསྩལ་བ་དང་། དགེ་སྡིག་སྤངས་བླངས་ཀྱི་བསླབ་བྱ་གནང་ནས། རྣམ་རྒྱལ་སྒྲུབ་པ་དང་སྒྲུབ་ཐོན་མཛད་སྒོ་གཉིས་ཀ་མགོ་མཇུག་ཚང་མ་བཀྲ་ཤིས་བདེ་ལེགས་ངང་ནས་མཇུག་གྲུབ་པའོ།།

1625959885700124.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།