༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 7
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
རི་ཐ་ངང་ཚང་དགོན་ནས་༧སྐྱབས་རྗེ་ཡོངས་འཛིན་བླ་མའི་ཞབས་བརྟན་སྒུབ་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2021-07-05] [རྩོམ་པ་པོ།:ཁྱུང་པོ་ཚང་།] [གཟིགས་ཐེངས:]

རི་དགོན་གཤེན་བསྟན་གཡུང་དྲུང་བསྟན་གྲགས་གླིང་དང་ལྷ་སྡེ་ཟུང་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེའི་ཞབས་བརྟན་སྒྲུབ་པ།

1625450568764602.jpg

ཨེ་མ་ཧོ།

བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།།

ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས།།

མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེའི།།

བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག །

ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས།།

1625451983462949.jpg

1625451952305655.jpg

1625452078869094.jpg

1625452122639124.jpg

1625452140376606.jpg

          སྤྱི་ལོ་ ༢༠༢༡ ཟླ་ ༧ པའི་ཚེས་ ༡ ནས་ཚེས་ ༤ བར་ཉིན་གསུམ་གྱི་རིང་ལ་ངེད་རི་ཐ་ངང་ཚང་དགོན་ནམ་དཔལ་གཤེན་བསྟན་གཡུང་དྲུང་བསྟན་གྲགས་གླིང་གི་འདུས་པ་སྤྱི་དང་རང་གྲོལ་བླ་མའི་སྒྲུབ་སྡེ་ཡང་རྩེ་གླིང་གཉིས་ཟུང་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེའི་སྐུ་ཚེའི་འགལ་རྐྱེན་མཐའ་དག་རྩད་ནས་ཞི་ཞིང་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། སྐུ་ཡི་སྙུང་གཞི་མི་རིང་མྱུར་དུ་དྭངས་སླད་དུ་བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོའི་ཚོགས་མཆོད་རྒྱས་འབུལ་དང་ཡི་དམ་ཕྱི་ནང་གསང་གསུམ་གྱི་བསྐང་འབུམ་ལྷ་དང་སྲུང་མའི་ཚོགས་ལ་བསྐང་གསོལ་འཕྲིན་བཅོལ་ཞུས་པ་དང་དགོན་གྱི་ལྷ་སྡེ་ཐུན་མོང་གི་ཡོངས་འཛིན་བླ་མའི་ཞབས་བརྟན་གླིང་ཞེས་པའི་དྲྭ་ཚོམས་ནང་དུ་ཁ་ཡོད་ལག་ཡོད་ཀྱིས་སྒོ་ནས་སྒྲུབ་ཟིན་པའི་ནོར་ཆེ་ཆུང་ ༣༠ ཚེ་ཐར་བཏང་བ་དང་ཚེ་དབང་མཆོག་འདུས་ཚེ་སྒྲུབ་བྱ་རི་མའི་སྙིང་པོ་གྲངས་ ༡༤༨༢༥༢ ཞབས་བརྟན་གསོལ་འདེབས་གྲངས་ ༡༡༤༦༨༣ བར་ཆོད་ལམ་སེལ་ཚར་ ༨༨༨ བཅས་གྲུབ་པ་ལགས་པས།

 1625452173452366.jpg

 1625452301941476.jpg

 1625452378402413.jpg

1625452401969542.jpg 

 1625452420669705.jpg

         རྣམ་དཀར་དགེ་བའི་མཐུ་སྟོབས་ཀྱིས་རྗེ་མ་བླ་མའི་སྐུ་ཚེའི་འགལ་རྐྱེན་ཐམས་ཅད་ཉེ་བར་ཞི་ཞིང་བསྟན་འགྲོ་སྤྱི་ཡི་མགོན་དུ་བརྟན་པར་བཞུགས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་སྨོན་ལན་བརྒྱར་འདེབས་པ་དང་སྡེ་དགོན་གཉིས་ཀྱི་བླ་གྲྭ་བོན་གཤེན་སེར་སྐྱ་ཕོ་མོ་ཡོངས་རྫོགས་སྐྱབས་རྗེ་བླ་མ་མཆོག་གིས་ཐུགས་རྗེས་ཟིན་པའི་རྒྱུ་རུ་ཤོག་ཅིག་གུ།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།