༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 7
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེའི་ཞབས་བརྟན་བསྒྲུབ་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2021-07-02] [རྩོམ་པ་པོ།:སྟེང་ཆེན་དགོན་གྱི་བཤད་སྒྲུབ་འདུས་སྡེ།] [གཟིགས་ཐེངས:]

ཁྱུང་པོ་སྟེང་ཆེན་དགོན་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེའི་ཞབས་བརྟན་དུ་སྲིད་རྒྱལ་དྲག་སྔགས་དབལ་མོ་སོགས་ཀྱི་ཚོགས་མཆོད་རྒྱས་འབུལ་ཞུས་པ།

1625221447917117.jpg

ཨེ་མ་ཧོ།  

བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།།

ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས།།

མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེའི།།

བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག 

ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས།།

1625221560265561.jpg

1625221585931838.jpg

          སྤྱི་ལོ་༢༠༢༡ཟླ་༦པའི་ཚེས་༣༠ཉིན་ཁྱུང་པོ་སྟེང་ཆེན་དགོན་ནས་སྙིགས་དུས་བསྐལ་ཁུག་གི་སྟོན་པ་ཆེན་པོ་གསང་གསུམ་བོན་གྱི་མཛོད་འཛིན་༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེའི་སྐུ་ཚེའི་འགལ་རྐྱེན་མཐའ་དག་རྩད་ནས་ཞི་ཞིང་འགྲོ་བ་ལྷ་དང་བཅས་པ་བསྟན་འགྲོ་སྤྱི་ཡི་མགོན་དུ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་།  སྐུ་ཡི་སྙུང་གཞི་མགྱོགས་མྱུར་དྭངས་སངས་ཡོང་སླད་ཞབས་བརྟན་དུ།  དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་བཙོས་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་ཀྱིས་ཞོགས་པ་ཆུ་ཚོད་7.30ནས་དགོང་མོའི་ཆུ་ཚོད་7པའི་བར་སྲིད་རྒྱལ་དྲག་སྔགས་དབལ་མོའི་ཚོགས་འཁོར་རྒྱས་འབུལ་ཞུས་པ་དང་། 

1625221685215714.jpg

1625221786513460.jpg

1625221809742962.jpg

1625221831774978.jpg

1625221849923237.jpg

          གཞན་ཡང་མ་བདུད་བཙན་རྒྱལ་སོགས་ལྷ་སྲུང་སྤྱི་ལ་མཆོད་ཚོགས་ཕུལ་ཏེ་ནན་ལྟར་གྱིས་འཕྲིན་བཅོལ་ཞུ་བཞིན་པ་ལགས་ན།  མཆོག་གསུམ་བསླུ་བ་མེད་པའི་བདེན་སྟོབས་དང་རྣམ་དཀར་དགེ་ཚོགས་ཀྱི་མཐུས་རྗེ་བླ་མའི་སྐུ་ཚེའི་འགལ་རྐྱེན་ཐམས་ཅད་ཉེ་བར་ཞི་ཞིང་བསྟན་འགྲོ་སྤྱི་ཡི་མགོན་དུ་ཞབས་པད་གཡུང་དྲུང་གི་ཁྲི་རུ་བསྐལ་བརྒྱར་བརྟན་པའི་གསོལ་སྨོན་ལན་བརྒྱར་འདེབས་སོ།།   

   

ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་འདུས་སྡེ་ནས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།