༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 7
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
བོད་ལྕགས་གླང་ལོར་ཁྱུང་པོ་སྟེང་ཆེན་དགོན་དུ་ལོ་སྟོད་ཡིག་རྒྱུགས་ཆེན་མོ་སྤྲད་པའི་གནས་འཕྲིན།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2021-06-09] [རྩོམ་པ་པོ།:ལྷ་ཆ་ནས།] [གཟིགས་ཐེངས:]

1623246695806980.jpg

          ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་མཐོ་རིམ་ལྔ་རིག་བཤད་སྒྲུབ་སློབ་གླིང་ནས་འདི་གའི་སློབ་གཉེར་བ་དག་ལ་སློབ་སྦྱོང་ཡར་སྐྱེད་ཀྱི་སྐུལ་ལྕག་དང་ལོ་གཅིག་གི་སྦྱང་འབྲས་བཤམ་སའི་ཁོར་ཡུག་གི་སྟེགས་བུར་དམིགས་ཏེ་འཆར་ཅན་བཞིན་ལོ་འཁོར་ཡིག་རྒྱུགས་ཆེན་མོ་བཏང་དང་གཏོང་མུས་ཡིན་ལ།  འདི་ལོར་ཆེད་དམིགས་ཀྱིས་གོང་གི་སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་བཤད་སྒྲུབ་འདུས་སྡེའི་དགེ་རྒན་ལྷན་རྒྱས་དང་སྐབས་བཅུ་དྲུག་པའི་འགན་འཛིན་ལྷན་ཚོགས་ཀྱིས་ལོ་སྟོད་ཡིག་རྒྱུགས་ཆེན་མོ་གཏོང་རྒྱུའི་གཏན་འབེབས་བྱས་པར་བརྒྱུད།  སྤྱི་ལོ་2021ལོའི་ཟླ་བ་6པའི་ཚེས་8ཉིན་གྱི་ཞོགས་པ་ཆུ་ཚོད་9པའི་ཐོག ༧ སློབ་དཔོན་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་རྣམ་གཉིས་དབུ་མགོན་དུ་བཞུགས་ཐོག་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་བཀའ་འབུམ་རབ་རྒྱས་ཁང་དུ་འཛོམས་ཏེ་ཐེངས་འདིའི་ལོ་སྟོད་ཡིག་རྒྱུགས་ཆེན་མོ་དངོས་སུ་སྤྲད་འགོ་ཚུགས།

1623246808892226.jpg

1623246854576395.jpg

1623246870702976.jpg

         ཐོག་མར་སློབ་དཔོན་རིན་པོ་ཆེ ༧ རྒྱལ་བ་བསྟན་འཛིན་མཆོག་ནས་ཐེངས་འདིའི་ཡིག་རྒྱུགས་དང་འབྲེལ་བའི་སློབ་སྟོན་གྱི་གསུང་བཤད་གནང་བ་དང་། དེ་ནས་དགེ་རྒན་རྣམ་པས་འཛིན་གྲྭ་སོ་སོའི་སློབ་མ་དག་ལ་རྒྱུགས་ཤོག་དངོས་སུ་བཀྲམ་གནང་ཞིང་། ཐེངས་འདིའི་རྒྱུགས་ཞུགས་ཀྱི་སློབ་མ་བཤད་གྲྭ་འཛིན་གྲྭ་བཅུ་གཉིས་དང་སྒྲུབ་གྲྭ་འཛིན་གྲྭ་བཞི་བཅས་འཛིན་གྲྭ་བཅུ་དྲུག་ཡོད་ལ།   རྒྱུགས་གཞིའི་ནང་དོན་དུ་འཛིན་གྲྭ་སོ་སོའི་ལོ་སྟོད་ཀྱི་སྦྱང་བྱའི་གཞུང་ཆེན་དག་ལས་ཚིག་དོན་གྱི་དཀའ་གནད་དང་གཞུང་གི་རྣམ་གྲངས་སོགས་ཀྱི་གཙོ་གནད་དག་བསྡུས་ཡོད། 

1623246925914414.jpg

1623246949105653.jpg

1623246961264306.jpg

1623246999887850.jpg

          དངོས་གཞིའི་རྒྱུགས་སྤྲོད་ཀྱི་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་ཁུ་སིམ་པོའི་ངང་སློབ་མ་སོ་སོས་རང་གི་རྣམ་དཔྱོད་ཀྱི་ནུས་པ་རྩལ་དུ་བཏོན་ཏེ་སྐབས་བབ་ཀྱི་དྲི་བ་དག་ལ་དྲིས་ལན་ཕུལ་བ་དང་།  ཆུ་ཚོད་11ཐོག་དགེ་རྒན་རྣམ་པས་འཛིན་གྲྭ་སོ་སོའི་རྒྱུགས་ཤོག་བསྡུས་ཤིང་།  དགེ་སློབ་འདུས་པ་རྒྱ་མཚོ་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དབྱངས་སུ་གྱེར་ཏེ་ཐེངས་འདིའི་ལོ་སྟོད་ཡིག་རྒྱུགས་ཆེན་མོ་མཇུག་ཡོངས་སུ་གྲུབ་པའོ།།

དྲུང་མིང་པ་ལྷ་ཆ་ནས་༢༠༢༡/༦/༨ཉིན།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།