ཡིག་བྲིས་པའི་དགེ་རྒན།
འབིས་བསོད་ནམས་དར་རྒྱས་ནི་སྤྱི་ལོ་ ༡༩༩༠ ལོར་ཁྱུང་པོ་སེར་ཚའི་ཆར་ཁྲི་རྡོ་གྲོང་བརྡལ་སྒང་རུ་སྲིབ་ཐ་རུ་འབིས་ཀྱི་རུས་ལས་སྐྱེས་ཤིང་། ཆུང་ནས་གྲོང་རྡལ་སློབ་ཆུང་བརྒྱུད་སྟེང་ཆེན་རྫོང་སློབ་འབྲིང་དུ་ཞང་ཞུང་ལྡོང་ལུགས་རི་མོའི་རྒྱུད་ཛིན་པ་དགེ་རྒན་ཆེན་མོ་བ་ནོར་བུ་གཡུལ་རྒྱལ་མཆོག་དགེ་རྒན་དུ་བསྟེན་ནས། ཞང་ཞུང་ལྡོང་ལུགས་རི་མོར་སློབ་གཉེར་ལེགས་པོ་གནང་ནས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ། སློབ་མཐར་ཕྱིན་ཏེ་ལོ་ཤས་རིང་ལྷ་རིས་སམ་ཐང་སྐུ་འབྲི་བཞེངས་བྱེད་རྒྱུ་དང་། ཤིང་ཚོན་རྒྱག་པ་སོགས་ལོ་ཤས་རིང་རི་མོའི་ལས་ལ་འབད་པ་བྱས།
དེ་ནས་མི་རིང་བར་མ་ནིའི་ལུགས་ཀྱི་ཡིག་བྲིས་པ་དགེན་སྐྱུར་བསོད་ནམས་རྗེས་གྲགས་ལ་བསྟེན་ནས་རྫབ་ཆེ་ཆུང་དང་། འབྲུ་རྗེབ་སོགས་ལ་ཧུར་བརྩོན་ཆེན་པོས་སྦྱང་པ་བྱས་སྟབས་ཁྱུང་པོའི་ཡིག་གཟུགས་ཀྱི་ལྟེ་བ་ཁྲི་རྡོ་གྲོང་རྡལ་དུ་གྲགས་པ་དེར། ཡིག་གཟུགས་འགྲན་བསྡུར་གྱི་སྐབས་སུ་ཡིག་གཟུགས་འབྲུ་མའི་ཨང་རིམ་གཉིས་པ་ཐོབ་པར་ཡིག་བྲིས་པ་རྒན་རབ་ཀུན་གྱིས་བསྟོད་བསྔགས་དང་བཅས་ཕྱག་རྟགས་བསྩལ། འདི་ལོ་སྟེ་ ༢༠༢༠ ལོའི་ཟླ་ ༡༠ པའི་ཚེས་ ༡༨ ཉིན་ནས་ ༢༠༢༡ ལོའི་ཟླ་ ༠༢ པའི་ ༡༠ བར་དུ་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་དུ་ལྷ་བྲིས་དབུ་ཆེན་དགེ་རྒན་དམ་པ་ནོར་བུ་གཡུལ་རྒྱལ་མཆོག་གིས་བཀའ་མངགས་ལྟར་ཡིག་གཟུགས་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་བྱས་ནས། དེར་འཁོད་ལྷ་བྲིས་པའི་སློབ་མ་ཡོངས་ལ་ཡིག་གཟུགས་ཕྱོགས་ནས་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཡོད་པ་དང་། ཞོར་དུ་དགེ་རྒན་དབང་ཚང་འབྲུག་ལྷ་ཉི་མ་དགེ་རྒན་དུ་བསྟེན་ནས་བོན་ལུགས་རྒྱལ་བའི་དཀྱིལ་འཁོར་གྱི་ཐིག་རྩར་སློབ་གཉེར་མཐར་ཕྱིན་གནང་ཡོད་པ་བཅས་སོ།། །།