༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྒྱུན་ཤེས། > 1 རིག་གནས་རྒྱུན་ཤེས།
1 རིག་གནས་རྒྱུན་ཤེས།
སྒྱུ་རྩལ་ལ་དུང་བའི་གཏམ་སྙན་རིག་པའི་རང་སྒྲ། གཉིས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2021-02-14] [རྩོམ་པ་པོ།:དོ་དམ་ཚན་ཆུང་ནས།] [གཟིགས་ཐེངས:]

1613265264547983.jpg

     རྒྱལ་བའི་དཀྱིལ་འཁོར་གྱི་དགེ་རྒན།

          དབང་ཚང་འབྲུག་ལྷ་ཉི་མ་ནི་སྤྱི་ལོ་ ༡༩༨༨ ལོར་ཁྱུང་པོ་སེར་ཚའི་ཡུལ་སྒང་རུ་བར་སྒེས་སུ་དབང་ཚང་རུས་ཐོབ་ཀྱི་ཁྱིམ་རྒྱུད་ཞིག་ཏུ་སྐྱེས།  ཆུང་ནས་ན་མཉམ་སློབ་ཕྲུག་གཞན་དང་ཆ་འདྲ་བར་སློབ་ཆུང་དང་སློབ་འབྲིང་སོགས་རིམ་བཞིན་སློབ་མཐར་ཕྱིན།  དེའང་སློབ་འབྲིང་དུ་ལོ་གསུམ་སྡོད་རིང་ཞང་ཞུང་ལྡོང་ལུགས་རི་མོའི་རྒྱུད་འཛིན་པ་དགེན་ནོར་བུ་གཡུལ་རྒྱལ་སློབ་དཔོན་དུ་བསྟེན་ནས་ལྷ་བྲིས་སྒྱུ་རྩལ་ལ་སྦྱང་པ་བྱས་ནས་སློབ་ཐོན་བྱུང་རུང་།  དེ་ཙམ་གྱིས་བློ་ཡིད་མ་ཚིམས་པར་དགེ་རྒན་མཆོག་ལ་ཡང་ནས་བསྐྱར་དུ་བསྟེན་པས་ལྷ་བྲིས་ཕྱོགས་ལ་གྲུབ་འབྲས་ཀྱང་མི་དམན་པ་ཐོབ།  ད་དུང་རང་གི་ཕུ་བོ་དབང་ཚང་རིག་འཛིན་ནི་སྔར་རང་ཡུལ་ཁྱུང་པོའི་ཕྱོགས་སུ་དཀྱིལ་འཁོར་ཐིག་རྩ་འབྲི་བཞེངས་སྐོར་ལ་སྐད་གྲགས་ཤིན་ཏུ་ཆེ་བའི་ཨ་རེ་ལྷ་བཟོ་བསྟན་འཛིན་གྱི་སྐུ་དྲུང་ནས་དཀྱིལ་འཁོར་འབྲི་བཞེངས་སྐོར་ལ་སྦྱང་པ་བྱང་ཆུབ་པར་གྱུར་ཡོད།  ཕྲན་གྱིས་ཕུ་བོའི་མདུན་ནས་དཀྱིལ་འཁོར་འབྲི་བཞེངས་སྐོར་ལ་དོན་གཉེར་ཆེན་པོ་བྱས་སྟབས་མཐར་ཐོགས་པ་མེད་པར་གྱུར།

1613265448392171.jpg

          དེ་ནས་འདི་ལོ་སྟེ་ ༢༠༢༠ ལོའི་ཟླ་ ༡༠ པའི་ཚེས་ ༡༨ ཉིན་ནས་ ༢༠༢༡ ལོའི་ཟླ་ ༠༢ པའི་ཚེས་ ༡༠ བར་དུ་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་དུ་ལྷ་བྲིས་དགེ་རྒན་དམ་པས་བཀའ་མངགས་ལྟར་བོན་ལུགས་དཀྱིལ་འཁོར་ཐིག་རྩ་འབྲི་བཞེངས་ཟབ་སྦྱོང་གི་དགེ་རྒན་བྱས།  ཉམས་མྱོང་དང་མན་ངག་རྣམས་སྦས་གསང་མེད་པར་སློབ་མ་རྣམས་ལ་ལྷུག་པོར་སློབ་ཁྲིད་བསྩལ་ཞིང་ལག་ལེན་སྦྱོང་བརྡར་སྤྲད་པ་དང་།  ཞོར་དུ་བྲིས་ཀྱི་དགེ་རྒན་འབིས་བསོད་ནམས་དར་རྒྱས་དགེ་རྒན་དུ་བསྟེན་ནས་ཞང་བོད་་ཡིག་གཟུགས་ལ་ནན་ཏན་གྱིས་སྦྱངས་པ་བྱས་ཡོད་པ་བཅས་སོ། །

1613265474546486.jpg

1613265545454784.jpg

1613265573793179.jpg


1613274252461010.jpg

1613274310242322.jpg

1613265616961593.jpg

1613265641941723.jpg

1613265666836567.jpg

1613265693301272.jpg

1613265714536623.jpg

1613265735717303.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།