༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 4 ཚེས 17
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 5 འགྲེམས་སྤེལ།
5 འགྲེམས་སྤེལ།
གཉན་རོང་ཆབ་མདོ་དགོན་གྱི་དཔྱད་གསུམ་དག་རྩིས་ལོ་ཐོ་འགྲེམ་སྤེལ་བྱས་པ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2021-01-26] [རྩོམ་པ་པོ།:ཀུན་དགའ་ཚུལ་ཁྲིམས།] [གཟིགས་ཐེངས:]

1611666447529817.png


        སྤྱིར་དེང་ཆར་སྐར་རྩིས་རིག་པའི་གཞུང་ལུགས་སྣ་ཚོགས་སུ་མཆིས་ཤིང་དེ་མཚུངས་ལོ་ཐོ་ལའང་རྒྱས་བསྡུས་སོགས་མ་ངེས་སྣ་ཚོགས་ཡོད་པ་ལས། འདིར་རང་ལུགས་ཁྱུང་སྤྲུལ་རིན་པོ་ཆེའི་རྩིས་གཞུང་ཆེན་མོ་དཔྱད་གསུམ་དག་རྩིས་དེང་རབས་ཚན་རིག་དང་མཐུན་པའི་ཡང་གསང་ལུགས་གཞིར་བྱས་ནས་སྤྱི་ལོ་༢༠༢༡བོད་ལྕགས་གླང་ལོའི་ལོ་ཐོ་རྒྱས་པ་འདི་ཡང་གཉན་རོང་ཨ་གྲགས་ཆབ་མདོ་དགོན་ཞང་ཞུང་བར་པའི་བཤད་སྒྲུབ་སློབ་གླིང་སྐར་རྩིས་འཛིན་གྲྭས་སློབ་སྦྱོང་གི་བར་གསེང་དུས་ཚོད་བེད་སྤྱད་བྱས་པའི་འབད་འབྲས་ས་བཅད་མ་སྟོངས་ཙམ་ཞིག་འབྱུང་ལྡན་ཟླ་ཐིག་རྩེ་མོ་ལྕགས་གླང་ལོའི་ལོ་ཐོ་‘‘དངུལ་དཀར་མེ་ལོང’’ཞེས་པ་འདི་ཕབ་པ་ལགས། སྤྱིར་ལོ་ཐོའི་སྒྲིག་སྟངས་ཡང་བསྟན་རྩིས་དང་ལྔ་བསྡུས། གཟའ་ལྔ་། གླང་རྩིས་སོགས་དཔྱད་གསུམ་གྱི་གཞུང་ལྟར་གཞིར་བཞག་ཐོག་དུས་གཟེར་སྐོར་ཞང་ཞུང་རྒན་པོའི་ངག་རྩིས་གཙོས་ཞང་བོད་དུས་གཟེར་བརྟག་ཐབས་སོགས་ཞང་བོད་མཐོ་སྒང་གི་གནམ་གཤིས་ས་བབ་དང་ཆེས་མཐུན་པའི་དཔྱད་གསུམ་དུས་གཟེར་རྣམས་གཙོར་བཞག་བྱས་ཡོད། ལས་དོན་འདིའི་ཐོག་མཐའ་བར་གསུམ་ལ་རྒྱབ་སྐྱོར་གནང་མཁན། འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས་མཆོག་གིས་ལམ་སྟོན་འོག ངེད་སྐར་རྩིས་འཛིན་གྲྭས་དཔྱད་གསུམ་ལོ་ཐོ་རྒྱས་པ་འདི་ཉིད་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱིས་སྤྱན་ལམ་འབུལ་རྒྱུའི་སྐལ་བཟང་བྱུང་སོང་། འདི་ལ་ཐུགས་ཁུར་གནང་མཁན་བླ་མ་ཚུལ་ཁྲིམས་ནོར་བུ་རིན་པོ་ཆེ་དང་དགེན་བསོད་ནམས་རྒྱ་མཚོ། དེ་བཞིན་དཔེ་སྐྲུན་དངོས་ཀྱི་སྦྱིན་བདག་བཤད་སྒྲུབ་སློབ་གླིང་། བར་བཅུག་རི་མོ་བ་སྒ་ཚེ་རིང་བཀྲ་ཤིས། བཅས་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོ་རྩོམ་སྒྲིག་གི་དུས་ཡུན་ཐུང་ཞིང་དམིགས་བསལ་གྱི་དུས་ཚོད་དང་ཉམས་མྱོང་དེ་ཙམ་མེད་པས་སྐྱོན་དང་ནོར་བ་མང་དག་ཅིག་ཡོད་ངེས་ཤིང་གཙུག་ལག་རིག་པའི་གཞུང་ལ་འཇུག་པ་ཡངས་པའི་མཁས་དབང་རྣམས་ཀྱིས་དགོངས་ཁྲེལ་མེད་པར་དགེ་འདོན་སྐྱོན་སེལ་གྱི་རྒྱབ་སྐྱོར་ཡོད་པར་མཁྱེན།

1611666503354236.jpg

                 སློབ་གཉེར་བ་ཀུན་དགའ་ཚུལ་ཁྲིམས་ཀྱིས་དབུས་ལྷ་ལྡན་ཉི་མའི་གྲོང་ནས་བྲིས།

                                                       ཕྱི་ལོ་༢༠༢༡ལོ་ཟླ་༡ཚེས་༣ཉིན




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།