༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 4 ཚེས 17
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
གསུང་རབ་མཆོད་སྦྱིན་དང་འབྲེལ་བའི་གསལ་བརྡ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2021-01-13] [རྩོམ་པ་པོ།:དགེ་བློ་རབ།] [གཟིགས་ཐེངས:]

1610521465145488.jpg


     གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་གསུང་རབ་དག་བཞེངས་དང་། སྤྱི་ཡོངས་ལ་ཁྱབ་བདལ་བཏང་ནས་གསུང་རབ་ལ་འཇུག་པའི་ལམ་བཟང་སྔ་ལས་ཡངས་བར་བྱེད་པའི་དགོངས་གཞི་ཆེད་དམིགས་ལ་ཕྱོགས་ཏེ། གངས་ཅན་གཙུག་ལག་འདབ་བརྒྱ་གྲོལ་བའི་ཁྲོད་ནས་གཡུང་དྲུང་བོན་གྱི་ཡིག་རྙིང་དཀོན་གྲས་དག་སྤྱི་ནས་ཉམས་པ་སོར་ཆུད་དང་། སྤྱི་ཁྱབ་འགྲེམ་སྤེལ་གང་འཚམས་བྱུང་དང་བྱུང་མུས་བཞིན། ད་ལན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་དབུ་འཛིན་སྟེང་དགོན་ཁྲི་འཛིན་བླ་མ་འོད་ཟེེར་སྦྱིན་པ་ཕུན་ཚོགས་མཆོག་གི་དགོངས་བཞེས་ལྟར་བོན་པོའི་གསུང་རབ་འདི་རྣམས་དག་བཞེངས་ཙམ་དུ་མ་ཚད། ཐོས་བརྩོན་ལས་ལ་གཞོལ་བའི་སློབ་གཉེར་བ་ཚོའི་དཔེ་ཀློག་གི་མཐུན་རྐྱེན་བཟང་དུ་གཏོང་བའི་གྲོགས་དན་ལ་དམིགས་པ་གཞིར་བཅས། འདི་ག་ནས་དཔེ་ཆ་དཔར་བསྐྲུན་བྱས་པ་དག་གོང་ཚད་སླ་མོ་ཡོང་ཐབས་ལ་ཅི་ནུས་གང་ཐུབ་ཀྱིས་འབད་ཁུལ་བྱས་པ་ནི། དཔེ་ཆ་ཀློག་མཁན་རྣམས་ནི་ནོར་གྱི་དཔུང་ཤེད་ངོམས་མཁན་དེ་རིགས་མ་ཡིན་ཞིང་། མི་ཚེ་ལྕགས་སྨྱུག་དང་འགྲོགས་པའི་དབུལ་པོ་རིག་པའི་བུ་ཆུང་ཤ་སྟག་སྟེ།  ཐོས་བསམ་སློབ་གཉེར་བ་རྣམས་དང་།  རྣམ་ཀུན་དཔེ་གཟིགས་ལས་ལ་བྲེལ་བའི་བཤད་སྒྲུབ་འདུས་སྡེའི་དགེ་རྒན་རྣམ་པ་ཡིན་པས། ངེད་ཅག་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་དཔེ་སྐྲུན་ལས་མི་ཡོངས་ཀྱིས་ཁྱེད་རྣམས་ཀྱི་འཁོས་སྟངས་ལ་དམིགས་པ་ཆེད་གཏད་གྱིས་དཔེ་ཆའི་གོང་ཚད་སྟུངས་ཅི་ཐུབ་ལ་འབད་ཁུལ་བྱས་པ་ཡིན་ནའང་། ཕར་བཏང་ཚུར་ཡོང་དང་། དཔེ་སྐྲུན་དག་སྒྲིག་གི་འགྲོ་གྲོན་སོགས་མ་རྐང་ཆུང་ལ་འགྲོ་གྲོན་ཆེ་བའི་གནས་སྟངས་ཀྱིས་བསམ་པའི་དམིགས་ཚད་དང་། དོན་གྱི་འབབ་སོ་བར་ལ་ཏག་ཏག་མ་བསྡད་པའི་གནས་སྟངས་དུ་མས་ཕུགས་རེ་ཅི་བཞིན་བསྐངས་མ་ཐུབ་པའི་མཐུས་ཤོར་དག་ལ་ལྷག་བསམ་ཟོལ་མེད་ཐོག་ནས་དགོངས་ཡངས་ཞུ། 

     སྤྱིར་ན་ངེད་དཔེ་སྐྲུན་དབུ་འཛིན་བླ་མ་འོད་ཟེར་སྦྱིན་པ་མཆོག་གི་དགོངས་བཞེས་ཟབ་མོས་ཡུལ་ཕྱོགས་རིས་མེད་ཀྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ལ་དཔེ་སྦྱིན་སྔ་ཕྱི་ཐེངས་མང་པོ་མཛད་ཅིང་། ལྷག་པར་དགེ་རྒན་རྣམས་ཀྱིས་བོན་གྱི་གསུང་རབ་ཟབ་མོ་འདི་དག་ལྟ་ཀློག་དཔྱད་གསུམ་གྱིས་དགོངས་རྟོགས་མཐོར་འདེགས་ཡོང་བ་དང་། དེ་ལ་བརྟེན་ནས་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བསྟན་རྒྱུན་སློབ་ཚོགས་དུ་མའི་རྒྱུད་ལ་སྨིན་ཐུབ་པའི་སྐྱབས་འཇུག་ཆེ་ཟབ་གྱིས་སློབ་ཚོགས་སྐྱོང་བའི་དགེ་རྒན་རྣམས་ལ་ཅི་ཐུབ་གང་ཐུབ་ཀྱིས་འབུལ་བའི་ཁུར་བླངས་པ་ལགསོ།། ལྷ་རབ་བྱུང་ན། རིག་པ་དོན་གཉེར་གྱི་སློབ་གཉེར་རྣམས་ལ་དཔེ་སྦྱིན་བྱེད་ཐུབ་ན་མཆོག་ཏུ་དགེ་བ་ཞིག་ཡིན་མོད། འབྱོར་འཁོས་མཐུན་རྐྱེན་དུ་མའི་དབང་གིས་ཚད་དེ་ཙམ་བསོད་ནམས་ཀྱིས་མ་ཐེག་ནའང་། སློབ་ཚོགས་རྣམས་ལ་དངོས་རྒྱུད་ཅི་རིགས་ནས་ཤེས་རབ་འོད་སྣང་སྦྱིན་པའི་སློབ་གླིང་ཁག་གི་དགེ་རྒན་དག་ལ་དཔེ་ཆ་གཟིགས་རྟེན་དུ་ཕུལ་བ་ནི་ཤེས་རབ་ཀྱི་དགེ་ཚོགས་བསགས་པའི་དམིགས་སྒོ་ཡིན་པ་ལགས། དམིགས་བསལ་འདི་ལོར་ཡང་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གཡུང་དྲུང་བོན་གྱི་ཤེས་རབ་རིག་པའི་སྡེ། བཤད་སྒྲུབ་སྒོམ་པའི་མཁན་པོ་དང་སློབ་དཔོན་རྣམས་ལ་༧སྒང་རི་དཔོན་སློབ་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་གསུང་འབུམ་དཔེ་འབུལ་ཞུ་འཆར་འདུག་པས། བོད་གྱི་བོན་དགོན་རྣམ་པའི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་དགེ་རྒན་བཅས་ཀྱི་མཚན་ཐོ་ཞིག་བཀོད་པ་ཡིན་ཀྱང་ཆ་ཚང་ལ་འབུལ་ཐུབ་མ་སོང་། ཡིན་ན་ཡང་དགོན་པ་ཁག་གི་དཔེ་ཁྲིད་དགེ་རྒན་གཙོ་བོ་རྣམས་ལ་འབུལ་ཐུབ་པའི་ཐུགས་རེ་འཆང་བ་ཡིན། 

1610522768648701.jpg

    དེ་སྔོན་ཕུལ་ཚར་བ་རྣམས་ལ་ད་ལྟ་འབུལ་འཆར་མེད། གསུང་འབུམ་འདི་པོད་གཟུགས་དང་དེབ་གཟུགས་གཉིས་སུ་ཡོད། པོད་གཟུགས་ལ་པོད་གྲངས་བཅུ་དང་དེབ་གཟུགས་ལ་དེབ་གྲངས་དགུ་ཡོད་ཕྱིར་ཁྱེད་རྣམ་པས་གང་མོས་དགྱེས་བཞེས་གནང་ཆོག། བོན་དཔེ་ཇི་སྙེད་ཤེས་རབ་དོན་གཉེེར་ཅན་རྣམས་ལ་གཟིགས་རྐྱེན་དུ་ཕུལ་བའི་རྣམ་དཀར་དགེ་རྩ་མཆིས་སོ་ཅོག་ཀྱིས་དངོས་རྒྱུད་ཅི་རིགས་ནས་དགེ་སློབ་རྣམས་བློ་ཡི་པད་མོ་ལྷོད་ཀྱིས་གྲོལ་ཏེ། ཤེས་རིག་གི་འདབ་ལག་རྒྱས་པ་དང་།  ཞྭ་དཀར་བསྟན་པ་འཛིན་སྐྱོང་སྤེལ་བར་ཐབས་མཁས་ཐུགས་རྗེ་ཆེ་བའི་བདག་ཉིད་འོ་ཅག་གི་འདྲེན་པ་ཆེན་པོ་  ༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གི་གསང་གསུམ་གྱི་མཛད་འཕྲིན་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་ཅིང་ཞབས་པད་འགྱུར་མེད་གཡུང་དྲུང་གཤིས་སུ་བརྟན་པའི་སྨོན་འདུན་ཟབ་མོ་དང་བཅས།  

1610521672495001.jpg

འབུལ་ཡུལ་གྲངས་ཚན་གཤམ་གསལ་འདི་ལྟར། 

རྒྱལ་བ་སྨན་རི་ཚང་།  2 རུ་ལག་གཡུང་དྲུང་གླིང་། 2 གཉན་རོང་། ཨ་གྲགས་སྣང་གསལ་དགོན། 4 ནོར་གླིང་དགོན། 4 རྣམ་རྒྱལ་བདེ་ཆེན་གླིང་། 2 ལྷ་ས། ནང་བསྟན་སློབ་གླིང་། ༣ ནག་ཆུ། རག་དགོན་གཡུང་དྲུང་གྱེར་བསྟན་གླིང་། 1 སྦ་ཆེན། ཁྲོམ་ཚང་དགོན། 2 ལུང་དཀར་དགོན། 2 སྤ་ཚང་དགོན།  2 ཀླུ་ཕུག་དགོན། 4 ཕུར་ནག་དགོན། 2 ཨ་ཀྲང་རི་ཁྲོད། 2 སྤུ་ལ་དགོན། 2 སྨན་མོ་རི་ཁྲོད། 1 འདམ་རྒྱང་རི་ཁྲོད། 1 རྫོང་དཀར་རི་ཁྲོད། 1 འབྲི་རུ། གསའ་མདའ་བོན་དགོན། 2 རྡོ་སྟེང་དགོན། 1 སུམ་རྩ་དགོན། 1 པེ་ཅིང་། ནང་བསྟན་སློབ་གླིང་། ༡ མཚོ་སྔོན། ཁྱུང་མོ་དགོན། 3 བོན་བརྒྱ་དགོན། 2 ཀན་སུའུ་ཐེ་བོ་གཙོ་ཚང་དགོན། 2 སི་ཁྲོན། རབ་དབེན་དགོན། 1 རྒྱལ་རོང་བཤད་སྒྲུབ་སློབ་གླིང་། 3 རྒྱལ་རོང་གཡུང་དྲུང་ལྷ་བརྟན་སློབ་གླིང་། 3 རྔ་བ། མདོ་སྨད་སྣང་ཞིག་དགོན། 10  མདོ་སྨད་རྟོགས་ལྡན་དགོན། 7 ཟུང་ཆུ་རྫོང་། དགའ་མལ་དགོན། 5 རྐྱང་ཚང་དགོན། 2 རིན་སྤུངས་དགོན། 2 ཤར་པ་སྣང་ཞིག་དགོན།  2 གཡུང་དྲུང་ཁ་བཙུན་དགོན། 1

ཞང་ཞུང་རིག་གནས་དར་སྤེལ་ཀུང་སི། 1 བོན་གྱི་རིག་གནས་དར་སྤེལ་ཚོགས་པ། 1 མཛོ་དགེ་རྫོང་། ཨ་སྐྱིད་སྐྱང་ཚང་དགོན། 1 བསམ་འགྲུབ་དགོན། 1 དཔལ་མདའ་ཆེན་དགོན། 5 ཤར་རྫ་རི་ཁྲོད། 10 རྫ་ཁྲོ་ཚངས་དགོན། 6 གཡུ་རི་བཤད་སྒྲུབ་སློབ་གླིང་། 6 སེ་ཞིག་དགོན།  2 སྟག་ཞིག་དགོན། 1

ཞལ་བཞེས་དགོན། 1 ཀོང་པོ་སྒྱེལ་རི་དགོན། 1 ཆབ་མདོ་རྫོང་། མང་རི་བཙུན་མའི་རི་ཁྲོད། 1 སྡེ་དགེ་རིན་སྤུངས་དགོན། 5 དཔལ་ཡུལ་རྫོང་ཁོངས། 

ལྕང་ལུང་དགོན། 1 ཉག་རོང་རྫོང་ཁོངས། ཡེ་ཤེས་དགོན། 5 རྒྱ་ཞིག་དགོན། 2 གོང་རྒྱལ་རི་ཁྲོད། 5 མི་ནུབ་དགོན་སྒྲུབ་གྲྭའི་མཁན་པོ། 1 བྲག་མགོ་རྫོང་།

བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་།

3 གཞི་རིང་དགོན། 1 གཞི་རིང་རི་ཁྲོད། 1 རྦ་མདའ་དགོན། 1 སྡེ་དགེ་རྫོང་། འབུ་རྨད་དགོན། 1 ཉག་རོང་རྫོང་། སི་ལ་རི་ཁྲོད། 1 སྟེང་ཆེན་རྫོང་། དམུ་ལྷ་ལུང་དགོན། 1 ག་ཤེལ་དགོན། 1 ཅོང་རི་དགོན། 2 ཞུ་ཚང་དགོན། 3 ཟམ་ཞིག་རེ་ནེ་དགོན། 4 དར་རྒྱས་དགོན། 3 སྔོ་ཕུག་རི་ཁྲོད། 1 གཡུ་བཀྲ་ལྷ་སྟེང་དགོན། 2 རི་ཐ་ངང་ཚང་དགོན། 2 ཚ་ནེ་རི་ཁྲོད། 2 བྱ་ཟེ་ཡང་རྫོང་དགོན། 1 ཀོ་བོ་དགོན། 10 གཡུང་དྲུང་དཔལ་རི་དགོན། 2 རྔ་རྡུང་རི་ཁྲོད། 2 ལྷོ་གཡུང་དྲུང་བདེ་གླིང་དགོན། 1 ཕུག་ལེབ་རི་ཁྲོད། 1 སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་། 1 ལྷོ་བེ་སྒོ་དགོན། 1 མཐོང་གྲོལ་རི་ཁྲོད་དགོན། 4 ཁྱུང་ནག་བསམ་གཏན་གླིང། 3 རྩེ་དྲུག་དགོན། 10 ལྡོང་རྫོང་དགོན།  5 ཁྱུང་པོ་སྟེང་ཆེན་དགོན། 10  བཅས་ཡིན་པས། ང་ཚོའི་དམིགས་སྒོ་བཞིན་ཁྱེད་རྣམ་པས་གཤམ་གྱི་ཁ་པར་བརྒྱུད་ནས་གང་མགྱོགས་དང་ལེན་གནང་རྒྱུ་དགོངས་འཇགས་ཞུ། 

ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས། སྤྱི་ལོ་ 2021/1/1

འབྲེལ་ཡུལ་ཁྲིན་ཏུའུ། བསྟན་པ། 139 8218 8985

འབྲེལ་ཡུལ་སྟེང་ཆེན། ཀུན་བཟང་འགྱུར་མེད། 18289051669

འབྲེལ་ཡུལ་སྦྲ་ཆེན། ཚེ་དབང་རྣམ་རྒྱལ། 13322554499

 འབྲེལ་ཡུལ་ནག་ཆུ། བསྟན་པ་བཀྲ་ཤིས། 18889052888




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།