༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 29
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
གསར་བརྡ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-11-09] [རྩོམ་པ་པོ།:སྦྲུལ་ཞགས།] [གཟིགས་ཐེངས:]

       འགྲེང་མགོ་ནག་དང་དུད་འགྲོ་རྔོགས་ཆགས་གཉིས་གྱི་ཁྱད་པར་འབྱེད་བྱེད་གཅིག་ནི་བསམ་གཞིག་གི་ནུས་སྟོབས་ནང་སེམས་ནས་སད་མིན་གྱིས་ཡིན་ཞིང་། ལས་འདིས་མི་ཚེའི་རྒྱལ་ཕམ་གཅོད་པའི་མ་མཐའི་ཚད་གཞི་ཡིན་ཞེས་བསྙད་པ་མིན་ནའང་། མེས་རབས་ཀྱིས་འཆད་པ་དང་། རྩོད་པ། རྩོམ་པ་གསུམ་ལས། འཆད་པའི་རྒྱ་མཚོ་བརྒལ་རྟིང་། རྩོད་པ་རིན་ཆེན་གླིང་དུ། གཟོད་ཕྱིན་ཐུབ་པ་དང་།  དེ་མཚམས་རྩོམ་པ་ནོར་བུའི་མཛོད་ཆེན་ལ་ཅི་དགར་སྤྱོད་ཆོག་པའི་རྒྱུ་འབྲས་ལུགས་འབྱུང་གིས་ཆོད་སྡོམ་བཀོད་པ་བཞིན།  ད་ལན་དབང་ལྡན་ཞུ་ཡི་གདན་ས་འོག་མ་ཁྲ་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་མཆོད་འབངས་སུ་དལ་རྟེན་རྙེད་ཅིང་། དཔལ་གྱི་འདུས་གྲྭ་རྒྱལ་ཁྱུང་དཀར་པོའི་གདན་ས་ཁྱུང་དགོན་ནས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ་ལ་ཉེ་བའི་བཀའ་རམས་པ་གཡུང་དྲུང་རིན་ཆེན་མཆོག་དང་།  བཀའ་རམས་པ་གཡུང་དྲུང་དབང་ལྡན་ཟུང་གིས་ནང་བསྟན་མཚན་ཉིད་རིག་པའི་གཞུད་ལམ་ཁྲོད་ནས་རྙེད་པའི་སྒྲ་ཚད་ཀྱི་འགལ་འདུ་བསྡུམས་པའི་གཏན་ཚིགས་དང་། གཞུང་ལུགས་ཀྱི་ཞུན་ཐིགས་གབ་པ་མངོན་དུ་ཕྱུངས་པའི་དཔྱད་འབྲས་བློ་དཔྱོད་ཀྱིས་འཇུ་བདེ་བ་གང་མང་དེབ་གཟུགས་སུ་བསྒྲིགས་ཏེ་རྣམ་པ་གཉིས་རབ་འབྱམས་དགེ་བའི་བཤེས་གཉེན་ཕེབས་པའི་བསྐལ་བཟང་དུས་སྟོན་དང་འབྲེལ་ནས་གཞུང་

1604909578495211.jpg

1604909610928041.jpg

དཔྱད «དྲུང་མུ་ཕ་འབབ»དང་། «ཐོས་འབྲས་མུ་ཏིག་ཚོམ་བུ»གཉིས་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་བླ་མ་སློབ་དཔོན་རྣམས་དང་། གཡུང་དྲུང་སྤུན་གྲོགས། ནང་མི་སྤུན་མཆེད། དད་ལྡན་རྣམས་ལ་སློབ་སྦྱོང་བྱས་པའི་འབྲས་རྟགས་སུ་ཕུལ་བའི་ནོམ་པ་འདིས། གསབ་པར་དཀའ་བའི་སློབ་དཔོན་རྣམས་ཐུགས་རེ་འགྲུབ་པ་དང་།  ནང་མི་སྤུན་མཆེད་ཀྱིས་མཐུན་སྦྱོར་གནང་བའི་སློབ་རྒྱགས་ཆུད་ཟོས་སུ་མ་སོང་བ་དང་།  སློབ་གླིང་གི་མི་སྐྱོང་རེ་འབྲས་སད་ལ་མ་བསྐུར་བའི་བརྡ་ཙམ་བཞག་པ་ལགསོ།། དགེ་འདིས་ཁྲ་དགོན་ཁྲི་འཛིན་བླ་མ་བསམ་གཏན་ཚུལ་ཁྲིམས་མཆོག་གི་སྐུ་ཡི་ཉེར་འཚེ་ཐམས་ཅད་བྲལ་ནས་གཟུགས་སྐུ་བསྟན་འགྲོའི་མཆོད་སྡོང་དུ་ནུབ་མེད་བཞུགས་པ་དང་། བཀའ་རམས་པ་ཟུང་གི་ཡོན་མཆོད་ཀྱི་འབྲེལ་ལམ་ཞོག་པའི་དད་སྦྱིན་ཡོངས་ལ་དགེ་བའི་ནེམ་ཙམ་སྨིན་པའི་དཔལ་དུ་གྱུར་ཅིག་གུ། ཐ་ཚན་མུ་ཙུག་སྨར་རོ།། 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།