༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 1 ཚེས 26
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དགོན་གནས། > 2 དགོན་སྡེ།
2 དགོན་སྡེ།
ཁྱུང་པོ་སྟེང་ཆེན་དགོན་དུ་ལོ་འཁོར་ཡིག་རྒྱུགས་ཆེན་མོ་སྤྲད་པ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-10-27] [རྩོམ་པ་པོ།:ཁྲི་རིག་མདའ།] [གཟིགས་ཐེངས:]

微信图片_20201027142843.jpg

      སྤྱི་ལོ2020/10/26ཉིན་གཤེན་གྱི་སྒར་གཞིས་ཆེན་མོ་ཁྱུང་པོ་སྟེང་ཆེན་དགོན་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་དུ་ལོ་འཁོར་ཡིག་རྒྱུགས་ཆེན་མོ་སྤྲད་པ་དང་།  ཡིག་རྒྱུགས་ཐོག༧བཤད་གྲྭའི་སློབ་དཔོན་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་དང་སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་རྣམ་གཉིས་དབུས་འདི་གའི་དགེ་བཤེས་དང་མཁན་པོ་སོགས་རྒྱུགས་ར་ཆེན་མོའི་ནང་དུ་ཕེབས་ཡོད།

微信图片_20201027142855.jpg

微信图片_20201027142900.jpg

      སྤྱི་ཚེས26ཉིན་གྱི་སྔ་དྲོའི་ཕྱག་ཚོད། 9:15-12:00བར་ཁང་སེར་ཆེན་མོའི་ནང་དུ་འདི་གའི་མཁན་སློབ་རྣམ་གཉིས་གཙོས་ལས་ཐོགས་པ་རྣམས་དབུ་བཞུགས་ཐོག་གཞུང་རྒྱུགས་ཆེན་མོ་སྤྲད་པ་དང་།   ཕྱི་ཉིན་སྤྱི་ཚེས27གྱི་སྔ་དྲོའི་ཕྱག་ཚོད།9:15--12:00བར་ཁང་སེར་ཆེན་མོའི་ནང་དུ་འདི་གའི་མཁན་སློབ་རྣམ་གཉིས་གཙོས་ལས་ཐོགས་པ་རྣམས་དབུ་བཞུགས་ཐོག་རིག་གནས་ཡིག་རྒྱུགས་ཆེན་མོ་བཏངས་ཡོད།

微信图片_20201027142904.jpg

ལོ་འཁོར་ཡིག་རྒྱུགས་ཆེན་མོ་འདིའི་ཐོག་བཤད་གྲྭ་འཛིན་གྲྭ12དང་སྒྲུབ་གྲྭ་འཛིན་གྲྭ་4བཅས་ཁྱོན་སྡོམ་འཛིན་གྲྭ16རྒྱུགས་རའི་ནང་དུ་ཞུགས་ཡོད།  རྒྱུགས་གཞིའི་ནང་དོན་གཙོ་བོ་ནི་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱི་སྐབས་སུ་བབ་པའི་འཁྲིད་བྱ་གང་ཡིན་པ་དེ་དག་གི་ནང་ནས་དོགས་གནད་ཆེ་ས་དག་ལ་ལན་འདེབས་རྒྱུ།  སྟོང་ཆ་ཁ་སྐོང་།   ཡིན་མིན་གདར་ཤ་གཅོད་རྒྱུ་འགྲེལ་བཤད་རྒྱག་རྒྱུ་ལ་སོགས་ཀྱིས་གྲུབ་པ་ཞིག་ཡིན།   ལོ་འཁོར་ཡིག་རྒྱུགས་གཏོང་བ་འདི་ནི་འདི་གའི་བཤད་སྒྲུབ་སློབ་གཉེར་བ་རྣམ་པའི་ལོ་ཧྲིལ་པོ་གཅིག་གི་ནང་དུ་གཞུང་ལུགས་དང་རིག་གནས་གང་ཡིན་ཀྱང་ཆོག  དེའི་ཐོག་ལ་འབད་པ་དང་བརྩོན་འགྲུས། དཀའ་ངལ་དང་སྡུག་རུས་ག་ཚད་བརྒྱབས་ཡོད་མེད་ལྟ་སའི་མེ་ལོང་དྭངས་མོ་ཞིག་དང་ཀུན་ནས་མཚུངས་ཡོད།

微信图片_20201027142908.jpg

ལོ་འཁོར་ཡིག་རྒྱུགས་གཏོང་བ་འདི་ནི་འདི་གའི་བཤད་སྒྲུབ་སློབ་གཉེར་བ་རྣམ་པས“མིག་དཔེ་ཡར་ལྟ་དང་། བྱ་མིག་ཡར་འགེབ།”ཅེས་པའི་དཔེ་ལྟར།  སློབ་གཉེར་བ་རྣམས་ཀྱིས་མ་ཤེས་པ་ཤེས་པར་བྱ་བའི་ཆེད་དང་། ཤེས་པ་གོང་མཐོར་དང་རྒྱུད་ལ་གོམས་པར་བྱེད་ཅི་ཐུབ།   ཚད་མཐོའི་སྦྱང་འབྲས་ཐོབ་པའི་མི་སྣ་དག་གི་རྗེས་སུ་འབྲངས་པར་བསྐུལ་བའི་སྟེགས་བུ་ཆུང་ཆུང་ཞིག་ཀྱང་དེ་བས་ཡིན།  

སྤྱི་ཚེས27གྱི་སྔ་དྲོའི་ཕྱག་ཚོད།12:30ཐོག་ལོ་འཁོར་གྱི་གཞུང་རྒྱུགས་དང་རིག་གནས་རྒྱུགས་ཆེན་མོ་གཉིས་ཀ་མཇུག་ཡོངས་སུ་གྲུབ་ཏེ་བླ་སློབ་འདུས་ཚོགས་ཀུན་རང་གི་སྟན་ལ་བཞེངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གྱི་གདངས་དབྱངས་སྙན་མོས་མཐར་རྒྱན་པ་བཅས་སོ།

微信图片_20201027142911.jpg

微信图片_20201027142916.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།