༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 7
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 4 གསར་བརྡ།
4 གསར་བརྡ།
གཏམ་བཟང་།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-10-23] [རྩོམ་པ་པོ།:བྲུ་རྒྟལ་སྲས།] [གཟིགས་ཐེངས:]

      ཉེ་ཆར་བོད་ལྗོངས་ཡིག་གཟུགས་འགྲན་སྡུར་ཆེན་མོའི་དབུ་འཛུག་བརྡ་ཐོ་ཕྱོགས་མཐའི་ལས་རིག་ཁག་ལ་སྤྱི་བསྒྲགས་ཞུས་སྟེ། 《ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།  ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད། 》 ཅེས་པའི་རྩ་དོན་དང་འབྲེལ་ནས་ལྗོངས་ཡོངས་ཀྱི་ཡིག་གཟུགས་དང་རི་མོ་པར་རིས་ཅས་ཀྱི་བརྩམས་ཆོས་འགྲན་སྡུར་བྱ་རྒྱུ་དང་། ཡིག་མཁན་མི་རེའི་བརྩམས་ཆོས་གཅིག་ལས་འགྲན་ཞུགས་བྱེད་མི་ཆོག་པ་དང་།  དེ་དག་གི་ནང་ནས་ཡིག་རིགས་གང་ཡིན་རུང་ཨང་དང་པོར་བྲིས་ཐང་གཅིག་ལས་བདམ་རྒྱུ་མིན་པར་བཤད་པས།  མཐར་ལྗོངས་ཡོངས་ཀྱི་བྲིས་མཁན་སྟོང་ཕྲག་ཡན་གྱི་བརྩམས་ཆོས་བསྡུས་ནས།  དོན་དངོས་སུ་རིག་གཅིག་མཁས་དབང་རྣམ་པས་དྲང་བདེན་དང་གཟུར་གནས་ཀྱི་སྒོ་ནས་དཔྱད་བསྡུར་གནང་རྗེས།   ཐེངས་དིའི་འགྲན་ཞུགས་པ་ཡིག་མཁན་རྒན་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་ལགས་ཀྱི་བོད་ཀྱི་འབྲུ་མའི་བྲིས་ཐང་ཆེན་མོ་ལ། ལྗོངས་རིམ་པའི་བོད་ཡིག་ཡིག་གཟུགས་ཨང་དང་པོའི་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་ཐོབ་འདུག་པས།  དེ་ནི་ང་ཚོ་ཁྱུང་པོ་སྟེང་ཆེན་གྱི་ཡིག་མཁན་རྣམས་ཀྱི་ལོ་རྒྱུས་ཀྱི་ཐོག་ལ་ཟིན་ཐོ་གསར་པ་ཞིག་རེད་ཟེར་ནའང་འུད་དུ་མི་འགྱུར་རོ། །

༢༠༢༠/༡༠/༢༢ཉིན་བྲུ་ཚང་རྒྱལ་སྲས་སེམས་དཔའ་དེས་བྲིས།།


微信图片_20201023132952.jpg

微信图片_20201023133006.jpg

微信图片_20201023133014.jpg

微信图片_20201023133024.jpg

微信图片_20201023133032.jpg

微信图片_20201023133028.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།