༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > སློབ་གསོ། > 1 སྤྱི་ཚོགས་སློབ་གསོ།
1 སྤྱི་ཚོགས་སློབ་གསོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་ཟླ་འཁོར་བགྲོ་གླེང་ཐེངས་བཞི་པ་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-09-17] [རྩོམ་པ་པོ།:ཁྲི་རིག་པའི་མདའ།] [གཟིགས་ཐེངས:]

        སྤྱི་ལོ2020-9-16ཉིན་གྱི་ཕྱི་དྲོ་ཕྱག་ཚོད་གཉིས་པའི་ཐོག   བཤད་གྲྭའི་སློབ་དཔོན་རིན་པོ་ཆེ་དང་།   སྒྲུབ་གྲྭའི་མཁན་རིན་པོ་ཆེ་རྣམ་གཉིས་དབུས།   བཤད་སྒྲུབ་སྒོམ་གསུམ་གྱི་དབུ་འཛིན་དང་དགེ་རྒན།   དེ་བཞིན་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་མང་ཡོོངས་དང་བཅས་བཀའ་འབུམ་རབ་རྒྱས་ཁང་དུ་ཟླ་འཁོར་གྱི་བགྲོ་གླེང་དབུ་བཙུགས།   

               ཐེངས་འདིའི་བགྲོ་གླེང་ཐོག་བགྲོ་གླེང་པ་ཁྱོན་བསྡོམས་མི་བཅུ་གཉིས་ཞུགས་ཡོད་པ་དང་།   དེ་ཡང་སོ་སོ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དང་ཤེས་རབ་ལས་འཁྲུངས་པའི་དཔྱད་རྩོམ་རྣམ་དག་སྟེ།     ཁུ་བྱུག་གྱི་གསུང་ལྟར་མཉན་ན་རྣ་བར་སྙན་པ།  ཉམས་འགྱུར་གྱིས་ཕྱུག་པ་བལྟས་ན་མིག་ལ་མཛེས་པ།   བརྗོད་གཞི་ཆེ་བ་མདོ་སྔགས་རྫོགས་གསུམ་དང་སྙན་ངག་ལ་སོགས་པའི་ནང་སྙིང་བཟུང་བ།   རྗོད་བྱེད་ཀྱི་ཚིག་འགྲིག་པ་མེ་ཏོག་གི་རུ་ཕྲེང་ལྟར་ཡག་པ།

               དེ་ལྟར་མི་རེ་རེའི་དཔྱད་རྩོམ་ལ་གཞིགས་ན་བརྗོད་སྙིང་བརྗིད་ཆེ་བ།  ལུང་རིག་གི་ཁུངས་བཙུན་པ།   ཤེས་རབ་ཀྱི་རྩེ་རྣོ་བ།    རྒྱབ་ལྗོངས་ཀྱི་དཔུང་མཐུག་པ་སོགས་ཟླ་འདིའི་བགྲོ་གླེང་ནི་ཧ་ཅང་སྤུས་གཙང་ལ་གོ་བདེ་བ།   འཛུམ་དགོད་སྒྱུ་རྩལ་གྱིས་ཁེངས་པ་བཅས།    ཟླ་འཁོར་བགྲོ་གླེང་ཐེངས་བཞི་པ་འདི་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་ལེགས་པར་གྲུབ་བོ་ཅེས་ཁྲི་རིག་པའི་མདས།



微信图片_20200917141616.jpg

微信图片_20200917141620.jpg






སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།