ཁྱུང་པོ་སྟེང་ཆེན་རྫོང་གི་རྫོང་དཔོན་འཇིགས་མེད་ལགས་ཀྱིས་ཐུགས་བཀོད་ཟབ་མོའི་འོག་ཁྱུང་རིག་གནས་དཔྱད་གླེང་སྐབས་གསུམ་པ་འཚོགས་རྒྱུའི་སྐལ་པ་ཚེས་པ་དང་། ཁྱུང་རིག་གནས་དཔྱད་གླེང་ཐོག་ཆེད་དུ་གདན་ཞུས་བྱས་པའི་མཁས་པའི་དབང་པོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་མཆོག་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་དོན་འགྲུབ་ལྷ་རྒྱལ་དང་། ཆབ་མདོ་བོད་སྨན་དགེ་རྒན་ཆེན་མོ་བུ་རྡིས། བོད་ལྗོངས་ནང་བསྟན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཤར་བ་ཐོགས་མེད། སྟེང་ཆེན་རྫོང་གི་བོད་སྨན་དགེ་རྒན་གླིང་སྨན་གཡུང་དྲུང་བཀྲ་ཤིས་སོགས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་སུམ་ཅུ་ལྷག་ཁྱུང་པོ་སྟེང་ཆེན་དགོན་དུ་ཕེབས་ཤིང ༧ དགོན་འདིའི་དཔོན་སློབ་མཆོག་དང་གསུང་གླེང་གནང་ཟབ་རྒྱས་གནང་བ་མ་ཚད། མཁས་དབང་རྣམ་པས་འདུས་མང་ལ་འཆད་ཁྲིད་དང་བགྲོ་གླེང་། ལེགས་སྟོན་སོགས་གནད་སྨིན་གནང་བའི་གནས་བསྡུས་སུ། 2020/8/8ཉིན།








