༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 5 འགྲེམས་སྤེལ།
5 འགྲེམས་སྤེལ།
མ་མཆོག་སྲིད་པའི་རྒྱལ་མོར་ཚོགས་མཆོད་རྒྱས་པར་ཕུལ་བ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-06-01] [རྩོམ་པ་པོ།:ཁྲི་རིག་པའི་མདའ།] [གཟིགས་ཐེངས:]

微信图片_20200601201409.jpg

    དེ་རིང་ཁྱུང་པོ་སྟེང་ཆེན་དགོན་གྱི་འདུས་མང་ཡོངས་ཀྱིས་དམིགས་སུ་བཀར་ཏེ། སྤྱིར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གདུགས་དཀར་དུས་བཞིར་ནུབ་པ་མེད་པར་བླ་ན་འདེགས་པའི ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་སྐུ་གསེར་རིའི་ལྷུན་པོ། གསུང་བོན་གྱི་ལེགས་བཤད། ཐུགས་མཁྱེན་པའི་བང་མཛོད་ལ་རྐྱེན་ཚོགས་སྤྲིན་དཀར་གྱིས་སྒྲིབ་པ་མི་མངའ་བའི་དོད་དང་། སྒོས་སུ་འདི་གའི་བླ་རབས་ཉེར་བདུན་པ་ཁྲི་འཛིན ༧ འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་དང་སློབ་དཔོན་རིན་པོ་ཆེ་རྣམ་གཉིས་གཙོས་དགོན་འདིའི་བླ་སློབ་ཚོའི་ཕྱི་ནང་གསང་བ་གསུམ་གྱི་བསྟན་པའི་བར་ཆད་སེལ་བ། ཡང་སྒོས་སུ་གཤེན་རབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཉི་མའི་ཟེར་ཐག་དུས་ནམ་ཡང་མི་ཡལ་བ།  

微信图片_20200601201402.jpg

   སླད་དུ། འཇིག་རྟེན་ཁམས་ན་ནད་ཡམས་ཀྱི་རྒྱུན་བཟློག ཡུལ་གྱི་རྒུད་ཚོགས་ཞི། ཚེ་བསོད་དཔལ་བྱིན་མཐོ། ཆར་ཆུ་དུས་སུ་འབབ།  ལོ་ཕྱུགས་རྟག་ཏུ་ལེགས་ཤིང་ཡངས་པའི་ཁྱོན་ཀུན་དཔལ་གྱི་སྣང་བ་དཀར་པོས་ཁྱབ་པའི་དགེ་སྡོང་དུ། མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་དང་། སྲུང་མ་མ་གཅིག་སྲིད་པའི་རྒྱལ་མོ་ལ་བསྐུལ་པ་འཕྲིན་བཅོལ་ཕུར་ཚུགས་བཏབས་པའི་གསར་འཕྲིན་དུ།

微信图片_20200601201351.jpg



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།