༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 30
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > སློབ་གསོ། > 2 དགོན་སྡེའི་སློབ་གསོ།
2 དགོན་སྡེའི་སློབ་གསོ།
ཁྱུང་པོ་སྟེང་ཆེན་དགོན་དུ་ཟླ་འཁོར་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-05-12] [རྩོམ་པ་པོ།:ཁྲི་རིག་པའི་མདའ།] [གཟིགས་ཐེངས:]

微信图片_20200512203342.jpg

ཟླ་རེའི་བགྲོ་གླེང་རི་དྭགས་མིག་ཅན་མ། །

ཟླ་རེར་གླིང་འདིའི་མཁའ་ནས་འཛུམ་པ་ཡི། །

ཟླ་འདིར་གཏམ་ཚོགས་བཅུ་དྲུག་ཁ་གང་མ། །

ཟླ་འདིར་འདུལ་ཁྱུ་བྱེ་བའི་དཔལ་དུ་ཤར།  །


2020ལོའི་ཟླ5པའི་ཚེས12ཀྱི་ཕྱི་དྲོའི་ཕྱག་ཚོད་གཉིས་པའི་ཐོག་དབུ་རྩེ་ཁང་ཐོག་རྩེག་གཉིས་པའི་ཁར་ཟླ་འདིའི་བགྲོ་གླེང་ཆེན་མོ་དངོས་སུ་འགོ་བཙུགས།  བགྲོ་གླེང་ཐོག་དགོན་འདིའི་དཔོན་སློབ་རིན་པོ་ཆེ་དང་སྒྲུབ་མཁན་འཕགས་མཆོག་སེམས་དཔའ་རྣམ་གཉིས་སྐུ་ཆེད་ཕེབས་ཐོག་དགོན་འདིའི་དབུ་འཛིན་རྣམ་པ་དང་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་གཉེར་བ་བཅས་སོ།  


微信图片_20200512203543.jpg

ནང་དོན་མཚམས་སྦྱོར།

微信图片_20200512203830.jpg

བགྲོ་གླེང་པ། དགེ་བཤེས་བློ་གྲོས་རབ་གསལ།

གླེང་བྱ། «རྒྱལ་བ་གཤེན་གྱི་བཀའ་ལས་རིན་པོ་ཆེ་གཉན་འབུམ་ངོ་སྤྲོད་ཞུ་བ།»

微信图片_20200512203835.jpg

བགྲོ་གླེང་པ། དཔལ་ལྡན་སྐུ་ཡི་ཚོགས་གཙོ་དགེ་བཤེས་མདོ་སྔགས་རྒྱ་མཚོ།

གླེང་བྱ།  «འབྲན་རྒྱུ་ནམ་མཁའི་སྐོར་རགས་ཙམ་གླེང་བ།»

微信图片_20200512203839.jpg

བགྲོ་གླེང་པ། བཀའ་རམས་པ་གཡུང་དྲུང་རིན་ཆེན།

གླེང་བྱ། «ཇུ་ཐིག་སྐོར་གྱི་ཟིན་ཐོ་བྱིས་པའི་བགྲོ་གླེང་།»

微信图片_20200512203843.jpg

བགྲོ་གླེང་པ།  བཀའ་རམས་པ་གཡུང་དྲུང་དབང་ལྡན།

གླེང་བྱ། «མདོ་སྔགས་སེམས་གསུམ་ཐུན་མོང་རྟོག་པ་བརྒྱད་ཅུ་རྩ་ལྔ་འགག་མ་ཐག་པའི་བར་དོ་དེ་ལ་ཀུན་གཞི་རྣམ་ཤེས་ཡོད་ཚུལ་གྱི་གླེང་མོལ།»



微信图片_20200512203851.jpg

བགྲོ་གླེང་པ། བཀའ་རམས་པ་ནག་ཐེག་མཆོག་སེམས་དཔའ།

གླེང་བྱ། «བོན་གྱི་ཡི་གེའི་སྐོར།»


微信图片_20200512203847.jpg

བགྲོ་གླེང་པ།  བཀའ་རམས་པ་ཤེས་རབ་ཕར་ཕྱིན།

གླེང་བྱ།  «བསྒྲུབ་བྱའི་སྐོར།»

微信图片_20200512203856.jpg

བགྲོ་གླེང་པ། བཀའ་རམས་པ་སྐྱང་བསོད་ནམས་དར་རྒྱས།

གླེང་བྱ། «བདེན་གཉིས་སྐོར་གྱི་ཟིན་ཐོ།»

微信图片_20200512203859.jpg

བགྲོ་གླེང་པ། མཛོད་འཛིན་གྲྭའི་སློབ་གཉེར་བ་བོན་ལྕེ།

གླེང་བྱ། «རླུང་སྨེའི་རླུང་གཤོག་འཚུབ་མ།»

微信图片_20200512203903.jpg


བགྲོ་གླེང་པ། ས་ལམ་འཛིན་གྲྭའི་སློབ་གཉེར་བ་བྲུ་རྒྱལ་སྲས་སེམས་དཔའ།

གླེང་བྱ།  «གནའ་བོའི་འབྲུ་མའི་ཡི་གེའི་ཁྱད་བོན་གླེང་བ།»

微信图片_20200512203908.jpg

བགྲོ་གླེང་པ། ས་ལམ་འཛིན་གྲའི་སློབ་གཉེར་བ་བསྟན་འཛིན་ཤེས་རྒྱལ།

གླེང་བྱ། «པཎ་ཙའམ་བན་ཙ་རྒྱལ་བ་འོད་ཟེར་གྱི་རྣམ་ཐར་ལ་དཔྱད་པ།»

微信图片_20200512203933.jpg

微信图片_20200512203937.jpg

微信图片_20200512203947.jpg


སོགས་ཀྱི་སྒོ་ནས་བགྲོ་གླེང་བརྗིད་ཆགས་གཏིང་ཟབ་ལྷུག་པོར་བསྩལ་གནང་བ་དང་དེར་བསྟུན་དྲི་བ་པོ་རྣམས་ཀྱི་དྲི་བ་བབ་ཆགས་གནད་ཁེལ་འཛུམ་མདངས་དང་དགོད་སྒྲའི་ངང་ནས་ཟླ་བ་འདིའི་བགྲོ་གླེང་མཇུག་ཡོངས་སུ་གྲུབ་པ་འོ།།

微信图片_20200512203952.jpg

微信图片_20200512203957.jpg

བགྲོ་གླེང་གཙོ་སྐྱོང་བ། དགེ་བཤེས་གཡུང་དྲུང་སེམས་དཔའ་དང་ལྷ་རབས།



ཟླ་འདིའི་བགྲོ་གླེང་དཔྱད་བདར་དྲི་ཟའི་གླུ །

ཟླ་འདིའི་རིག་གཞོན་སྨྲ་ལྕེ་རྒོད་པོས་བླངས། །

ཟླ་འདིའི་དགེ་བའི་ལེགས་བྱས་མཆིས་སོ་ཅོག །

ཟླ་འདིའི་རྒུད་ཚོགས་ཞི་བའི་གཉེན་པོར་ཤོག །


 འབྱུང་ལྡན༣༠༡བོད་ལྕགས་བྱི་ལོ།  2020/5/12




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།