༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 30
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
གཡུང་དྲུང་དཔལ་རི་དགོན་ནས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་མནྜལ་ཕུལ་བའི་གནས་ཚུལ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-03-03] [རྩོམ་པ་པོ།:ཞེ་འཆི་མེད།] [གཟིགས་ཐེངས:]

 ཁྱུང་པོ་གྲུབ་ཆེན་གྱི་གདན་ས་གཡུང་དྲུང་དཔལ་རི་དགོན་ནས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་མནྜལ་ཕུལ་བའི་གནས་ཚུལ།


微信图片_20200303215221.jpg

1.jpg

   གསང་གསུམ་བོན་གྱི་མཛོད་འཛིན༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་སངས་རྒྱས་དྲུང་མུ་གྱེར་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་བཟང་བླ་མེད་བསྐྱངས་ནས་དགུང་གྲངས་གོ་ལྔ་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་འདི་དང་སྟབས་བསྟུན་གནམ་འོག་གི་བོན་འབངས་ཡོད་དོ་ཅོག་གིས་དགའ་དད་སྤྲོ་གསུམ་གྱིས་ངང་ནས་སོ་སོས་ཚོགས་བསགས་སྒྲིབ་སྦྱོང་བྱེད་དང་བྱེད་མུས་སུ་མཆིས་པའི་སྐབས་འདིར།

微信图片_20200303215259.jpg

微信图片_20200303215508.jpg

   ཁྱུང་པོ་གྲུབ་ཆེན་གྱི་གདན་ས་ ༧ དཔལ་གཤེན་བསྟན་གཡུང་དྲུང་དཔལ་རི་དགོན་ནས་བོད་ལྕགས་བྱི་ལོའི་ཧོར་ཟླ་དང་པོ་ཚེས་ལྔ་ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་མཆོད་ཀྱི་སྐབས་དང་བསྟུན་ནས་གསང་ཆེན་མ་རྒྱུད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཚོགས་འཁོར་རྒྱས་འབུལ་གནང་བ་དང་བླ་མ་མཆོད་པ་སོགས་དལ་གྱིས་གྱེར་ཞིང་། རྗེ་མཉམ་མེད་བླ་མའི་འཁྲུངས་མཆོད་རྒྱས་འབུལ་ཞུས་མཐར།  ཁ་བ་གངས་རིའི་ཚིག་མཛོད་ཆེན་མོའམ་སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་གྱི་མདུན་དུ་མཆོད་པ་རྣམ་ལྔ་བཤམས་ནས་རྗེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་།   སླར་ཡང་མ་འོངས་བསྟན་འགྲོའི་མགོན་དུ་ཞབས་པད་བསྐལ་བརྒྱར་བཞུགས་པའི་བརྟན་བཞུགས་ཀྱི་ཚུལ་དུ་བླ་མ་མཆོད་པ་དབྱངས་ལ་གྱེར་ཏེ་གཤེན་གྱི་མཆོད་རྔ་ཆེན་མོའི་མཆོད་པ་འབུལ་བ་དང་མནྜལ་རྒྱས་འབུལ་ཞུས་ཤིང་དྲིན་ཅན་བླ་མའི་བརྟན་བཞུགས་གསོལ་འདེབས་སོགས་མང་འདུས་སེམས་དཔའ་ཡོངས་ནས་ལྷང་ལྷང་དུ་གསུང་བཞིན་ལྷ་དར་དྲི་མེད་དཀར་པོ་ཕུལ་ནས་མཇལ་ཁ་ཞུས་པ་བཅས་ཀྱི་གནས་བསྡུས་སུ་དགོན་དེའི་སློབ་གཉེར་བ་ཞེ་འཆི་མེད་དེས།

微信图片_20200303215242.jpg

微信图片_20200303215251.jpg

微信图片_20200303215309.jpg



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།