
སྤྱོད་རྒྱུད་ཁྲི་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་ལས། “ནག་པོ་སྡེ་བཞིའི་འགོག་སྲུང་བསྟན་པ་ནི། རྔམ་ཆེན་གསེར་སྟག་སེར་པོ་ལ། ཁྲོ་རྔམ་གདུག་རྩུབ་མི་ཕོ་ཞོན། གནམ་ལྕགས་དབལ་གྱི་ཁྲབ་མོ་གྱོན། ཐོད་སྐམ་རིན་རིན་ཆེན་དབུ་ལ་རྒྱན། དབུ་སྐྲ་དམར་སེར་མེ་ལྟར་འབར། སྦྲུལ་ནག་གདུག་པའི་རྒྱན་ཆ་མཛེས། ཀློག་དམར་འཁྱུག་པའི་ཡང་ཤམ་བཏགས། གཡས་པས་གསེར་གྱི་འཁོར་ལོ་བསྐོར། གཡོན་པས་དུང་གི་སེར་བ་འབེབ། སྤྲུལ་པའི་ལྷ་བརྒྱད་འཁོར་གྱིས་བསྐོར། དབལ་ཆེན་རྔམ་པའི་སྲུང་སྔགས་འདི། ནག་པོ་གསུམ་སྒྲིལ་ཁྲག་བཤལ་དང་། འབྲུམ་བུ་དཀར་ནག་ཚད་རིམས་དང་། འགོ་ནད་གདུག་པས་ཚུགས་མི་འགྱུར། འགོག་སྲུང་ཡོན་ཏན་ཀུན་འབྱུང་ཞེས་བྱ་བ། འགོ་བའི་ནད་རིགས་སྲུང་བྱེད་རྡོ་རྗེའི་གུར། དར་སྔོན་ནང་དུ་བཏུམ་ལ་སྔགས་འདི་གདབ། བསྭོ་ཨཱོཾ་ཉེ་ལོ་ཡོ་གེ་ཁོད་ཞུང་ཐུན་མུ་མར་བྷྱོ། མ་མ་ཧྲིམ་ཡ་ནག་པོའི་སྙིང་ལ་རྦད་བྷྱོ” ཞེས་གསུངས་པ་ལྟར་སྨན་སྔགས་བསྟན་པའི “འགོག་སྲུང་ཡོན་ཏན་ཀུན་འབྱུང”གི་སྦྱོར་ཚད་ལག་ལེན་སྨན་སྦྱོར་བཅས།

གཏོ་དཔྱད་ཀུན་རྒྱན་བོད་ལུགས་སྨན་བཅོས་ཁང་དུ་གཏན་ལ་ཕབ་ནས་སྤེལ་བ་འདི། དུས་བསྟུན་ལས་ལ་དམིགས་པས་བོད་ལུགས་གསོ་རིག་གི་བྱ་བ་གཉེར་བ་པོ། མདོ་ཁམས་ཁྱུང་ཡུལ་དུ་སྐྱེས་པའི་ཀུན་རྒྱན་དུ་འབོད་པ་གང་དེས། བོད་ལུགས་གསོ་རིག་སློབ་དཔོན་ཚུལ་མཐུན་བསྟེན་པའི་དམ་པ་གོང་མ་རྣམས་ཀྱི་སྐུ་དྲིན་སོབ་དོད་དུ་ལག་ལེན་བྱས་ཁུལ་ལགས་ན། རྒྱལ་ཁྲིམས་དང་རྒྱུ་འབྲས་གཉིས་ཀར་མཐུན་པའི་སྤོབས་པ་དང་བཅས་ཁྱུང་པོ་སྟེང་ཆེན་རྫོང་ནས་ཤར་མར་བྲིས།།
2020-2-2 ཉིན།