

དེང་ཡང་དུས་བཟང་ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཡོངས་འཛིན་ཆེན་མོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག །དགུང་གྲངས་གོ་ལྔར་ཕེབས་པའི་དུས་བཟང་འདིར། གནམ་འོག་བོན་འབངས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་དགའ་སྟོན་དང་། ཁྱེད་སྐུ་བསྟན་འགྲོའི་མགོན་དུ་སྐུ་ཚེ་ལ་འགལ་རྐྱེན་མི་འབྱུང་བའི་ཆེད་བརྟན་བཞུགས་མན་འདལ་དང་ཚོགས་བསགས་སྒྲིབ་སྦྱོང་གི་དགེ་བ་བརྩོན་བཞིན་པའི་སྐབས་འདིར། ངེད་སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གླིང་གི་སྡེ་དགོན་གཉིས་ཀྱིས་རྗེ་བླ་མའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་མི་འཇིག་གདོང་ལྔས་བཏེགས་པའི་ཁྲི་རུ་བཤམས་ནས་མན་འདལ་སྐུ་གསུང་ཐུགས་རྟེན་དང་བསང་བརྒྱ་རྔན་བརྒྱ་ཀླུང་རྟ་སོགས་དང་འབྲེལ་དགའ་དད་མོས་གསུམ་གྱིས་སྒོ་ནས་བརྟན་བཞུགས་སྨོན་ལམ་གསོལ་འདེབས་རྒྱས་འབུལ་ཞུས་པ།།







