༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྒྱུན་ཤེས། > 1 རིག་གནས་རྒྱུན་ཤེས།
1 རིག་གནས་རྒྱུན་ཤེས།
​སྡེ་དགེ་དཔོན་རྒན་དགོན་གཡུང་དྲུང་དར་རྒྱས་གླིང་གི་གཙོ་ལྷ་བཞེངས་གྲུབ་པའི་གནས་བསྡུས།
[རྩོམ་ཁུངས།:ཁྱང་པོའི་དྲ་བ།] [ཟླ་ཚེས།:2019-10-30] [རྩོམ་པ་པོ།:དགེ་རྩེ་ཀུན་ཁྱབ།] [གཟིགས་ཐེངས:]


སྡེ་དགེ་དཔོན་རྒན་དགོན་གཡུང་དྲུང་དར་རྒྱས་གླིང་གི་

གཙོ་ལྷ་བཞེངས་གྲུབ་པའི་གནས་བསྡུས།


QQ图片20191030132103.jpg

          སྔར་གྱི་ཉེ་བའི་ལོ་ཤས་རིང་ངེད་དཔོན་རྒན་དགོན་གྱི་ཁྲི་འཛིན་དམ་པ ༧ངེས་དོན་གྱི་རྣལ་འབྱོར་བ་ཞིང་གཤེགས་མགོན་པོ་དམ་པ་དང་།  བླ་ཆུང་གཡུང་དྲུང་གཙུག་ཕུད་རྒྱལ་མཚན་དཔལ་བཟང་པོ་རྣམ་གཉིས་དབུས་པའི་གྲྭ་ཚང་ལྷན་རྒྱས་དང་ལྷ་སྡེ་ཐུན་མོང་གིས་ནུས་པ་མཉམ་འདོན་དང་ཤུགས་མཉམ་བསྒྲིམས་ཀྱིས་ཚོགས་ཆེན་འདུ་ཁང་སྔར་ལས་གཞི་རྒྱ་ཆེ་རུ་གཏོང་སྟེ་བསྐྱར་གསོའི་ཕྱི་བཀོད་ཡོངས་རྫོགས་གྲུབ་ལ་ཉེ་བའི་སྐབས་འདིར། ལྷ་མི་མཆོད་སྡེ་དམ་པ། དཔོན་རྒན་ཡབ་ཚང་། བསམ་འགྲུབ་ཚང་། ལྷ་རྗེ་ཚང་། ཁྱི་སྤུག་ཚང་། ཡར་འགྲོ་ཚང་།  རྡོ་ལྷ་ཚང་། ཉག་སྦ་ཆུང་ཚང་། བསྟན་པ་ཚང་། དར་ཆེན་ཚང་། བོན་བསྟན་ཚང་། ཟླ་བ་ཚེ་རིང་ཚང་། གཡང་ཕྱུགས་ཚང་། གཡང་འཕེལ་ཚང་བཅས་དཔོན་ལུང་གྲོང་ཚོ་ནས ༧ སྐྱབས་རྗེ་རྩ་བའི་བླ་མའི་དགོངས་པ་མཉེས་ཕྱིར་དང་། རང་བསྟན་འཛིན་སྐྱོང་གི་རྣམ་དཀར་ལྷག་བསམ་དག་པས་རབ་ཏུ་སྐུལ་ཏེ།  ཞིང་གཤེགས་བླ་རྒན་རིན་པོ་ཆེ་འདའ་ཁའི་སྐུ་མདུན་ནས་ཁས་ལེན་ཞུས་དོན་བཞིན་ནང་རྟེན་གཙོ་བོ ༧ རྣམ་འདྲེན་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་སྐུ་བརྙན་གདན་ཁྲི་རྒྱབ་ཡོལ་བཅས་ལ། མཐོ་ཚད་ཉེར་བརྒྱད་ཅན་ཞིག་ཞིང་གཤེགས་མགོན་པོ་དམ་པའི་དུས་དྲན་དགོངས་རྫོགས་ནང་ཚུད་ལ་བཞེངས་གྲུབ་དགོས་པའི་ལྷག་སེམས་ཡིད་ལ་བཅངས་ཏེ།  “གནའ་བོའི་ཞང་བོད་བཟོ་རྩལ་ཚད་ཡོད་ཀུང་སིའི”གཙོ་བདག་ནང་མི་ལྷ་མགར་ཚེ་དབང་བདུད་འདུལ་ལ་བརྡུངས་བཅུགས་པས་དེ་དོན་ལེགས་གྲུབ་བྱུང་ནས་རང་དགོན་དུ་གདན་འདྲེན་ཞུས་ཏེ་རབ་གནས་ཟུང་འཇུག་བཅས་ཕུལ་མཚམས་སུ། 

QQ图片20191030132051.jpg

          ༢༠༡༩/༡༠/༢༦ ཉིན་གྱི་ཕྱི་དྲོར། དགོན་པའི་བླ་སློབ་འདུས་པ་རྒྱ་མཚོས། གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པའི་ཡོན་བདག་རྣམ་པ་ལ་བཀའ་དྲིན་ལེགས་མཚོན་དུ་གཟིགས་བཟོས་བསྡུས་ཙམ་གནང་རྗེས། བླ་སློབ་བྱིངས་དང་འོག་འབངས་ལྷ་གནས་མཆོད་སྡེ་དག་གིས་ཁ་མིན་སེམས་ཀྱིས་དགའ་ཚོར་ཆེན་པོས། ནང་མི་ལྷ་འགར་ཁོང་དང་ལས་རོགས་བཅས་ལ།  “བུ་བྱེས་ལ་སོང་བའི་དོན་གོ་ཆོད་པའི”གཟེངས་བསྟོད་ཁ་དར་ཕུལ་བ་དང་།  མིག་སྔར་གྱི”སྐུ་འདྲ་སྤུས་ཡག”ལ་ཁྱད་བོན་མང་རབ་ཀྱི་ལབ་གླེང་བྱས་དོན།

QQ图片20191030132059.jpg

          ༡  ༽   ཇི་སྐད་དུ། ཆ་ཚད་མ་ཚང་ལྷ་རྣམས་ནི། རྩི་ཤིང་ནགས་ཚལ་རི་མོ་འདྲ། ཞེས་གསུངས་པ་བཞིན་སྐུ་བརྙན་ལ་གཙོ་བོ་རང་གཞུང་དང་མཐུན་པའི་ཆ་ཚད་ཡོད་དགོས་པས་ཐིག་རྩ་དང་ཆ་ཚད་བོན་རང་ལུགས་ལྟར་ལྡན་ཡོད་པ།

QQ图片20191030132055.jpg

          ༢  ༽   ཆེ་བ་སྐུ་བརྙན་ནས་ཆུང་བའི་ཟུར་རེ་རེ་ཡན་ཆོད་ལ་ཞིབ་ཚགས་དང་ཉམས་འགྱུར་གྱི་རྣམ་པ་ཤིན་ཏུ་མཛེས་པ་སོགས་ཀྱིས་བསྟོད་བསྔགས་ཀྱི་མཐེ་བོང་བླ་སློབ་ཀུན་གྱིས་བསྒྲེངས་ཏེ་ཤིས་པའི་མེ་ཏོག་མང་དུ་གཏོར་བ་དང་སྦྲགས།

QQ图片20191030132047.jpg

          སྡེ་དགོན་ཟུང་གི་མ་འོངས་འབྱུང་འགྱུར་གྱི་རེ་ལྟོས་འཆའ་ཡུལ་གྱི”རེ་བའི་མེ་ཏོག་ཚོམ་བུ”ལས།  ནང་མི་ལྷ་མགར་ཚེ་དབང་བདུད་འདུལ་ཉིད་ལ།  བླ་སློབ་བྱིངས་ཀྱིས་རེ་འབྲས་དོན་སྨིན་ཡོང་བར་སླར་ཡང་དགའ་ཚོར་དང་ཡི་རངས་ཆེན་པོས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་དང་།  ནར་སྨིན་ལ་མ་སྨིན་པའི་རང་ཡུལ་གྱི་གཞོན་སྐྱེས་ཕལ་མོ་ཆེ་མདུན་དུ་ཁྲིད་དགོས་པའི་སྐུལ་མ་དང་བཅས་རྒྱལ་ཁའི་ངང་ནས་མཇུག་བསྡུས་པར་བྱས།

གནས་ཚུལ་མཁོ་བསྡུ་བ།  དགེ་རྩེ་ཀུན་ཁྱབ་ནས། ༢༠༡༩/༡༠/༢༦/ཉིན།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།