
དུས་རབས་ཀྱི་འཕོ་འགྱུར་མྱུར་མོ་འདིའི་ཁྲོད། མིག་རྡེབ་ཙམ་གྱི་ཡུན་ལ་མི་ཡི་བསམ་སྤྱོད་ལ་འགྱུར་བ་འགྲོ་བཞིན་ཡོད་ཅིང་། དེ་དང་འབྲེལ་བའི་མི་ཡི་འཚོ་བའི་ཉེར་སྤྱོད་ནི་དེ་བཞིན་ཆེས་ཚགས་ཆུང་ཞིང་སྟབས་བདེ་ཅན་དུ་འདོར་ལེན་བྱེད་བཞིན་ཡོད་པར་བརྟེན། ངེད་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་དུ་རྩ་འཛུགས་རང་བཞིན་གྱིས་སྔར་བཞུགས་ཀྱི་བོན་དཔེ་རླབས་པོ་ཆེ་རྣམས་ཡུལ་དུས་ཀྱི་མི་ཡི་དགོས་མཁོ་དང་འཚམ་པའི་ཞུ་སྒྲིག་འགྲེམ་སྤེལ་བྱེད་པའི་ལས་གཞིའི་ཁྲོད་ནས། སྤྱིར་བོན་དཔེ་ཁག་ནི་གཅིག་བས་གཅིག་ཟབ་པར་སོང་གཤིས། གདམ་གསེས་བྱེད་པར་སུས་ཐིག་ཀྱང་།

བོན་ཕྱོགས་ཀྱི་བསླབ་པ་སློབ་གཉེར་བྱེད་པའི་བརྒྱུད་རིམ་ལ་གཞིགས་ན། སྒྱུ་རྩལ་རྩོམ་རིག་ལག་ལེན་བྱེད་ཕྱོགས་ནས་གཞུང་ལུགས་རང་བཞིན་གྱི་ཆེས་འཐུས་སྒོ་ཚང་བའི ༼སྙན་ངག་གི་གཞུང་ཆེན་མོ་རིན་ཆེན་ལྡེ་མིག༽ གཙོར་བྱས་ཐོག་སྒྱུ་རྩལ་བརྩམས་ཆོས་ཀྱིས་མི་སེམས་སྒུལ་སྐྱོམ་ནུས་ཤིང་། སྙན་ངག་དང་ལེགས་བཤད་གཞི་གཅིག་ཏུ་འདྲེས་པའི་བརྩམས་ཆོས་རྣམས་ཀྱི་གདན་ཐོབ་ཚད་མཐོན་པོར་ཟིན་ཡོད་པ་དག་གི་བྱེད་པོ་སྒང་རུ་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་གསུང་འབུམ་པོད་བརྒྱད་ཀྱི་བདག་ཉིད་ཅན་ ༢༠༡༧ ལོར་ཟླ་ ༥ པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་ཆོག་མཆན་དང་པར་བསྐྲུན་འགྲེམས་སྤེལ་བྱས་ཟིན་ཞིང་སླར་ཡང་ཆོ་གའི་ཟིན་བྲིས་ཁག་ཅིག་དང་། གཡུང་དྲུང་བོན་གྱི་བསྟན་པའི་དཀར་ཆག བོན་འཁོར་ཚིག་བཞིའི་བཀའ་འགྲེལ། གཞན་ད་དུང་བྱང་ཁྲིད་གཙོས་པའི་ལེའུ་མི་ཉུང་བ་དག་ལག་སོན་བྱུང་བ་རྣམས། འདི་ལོར་ཡང་ལན་ཇུ་སློབ་ཆེན་དང་ལན་ཇུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ ༢༠༡༦ ལོའི་ལན་ཀྲུའུ་སློབ་ཆེན་ཚན་རིག་ཞིབ་འཇུག་གསར་གཏོད་ཚོགས་པའི་བསྐྱེད་སྲིང་རྣམ་གྲངས་ ༼བོན་ཆོས་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་གཅེས་བསྡུས་ལེགས་བསྒྲིག་དང་།༽ དེ་བཞིན་གཞི་གྲངས་ཅན་གྱི་འཛུགས་སྐྲུན་ཞེས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཀྱི་རྣམ་གྲངས་གནང་བ་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་ཆོག་མཆན་བཞིན། ངེད་སི་ཁྲོན་ཁྱུང་པོ་རིག་གནས་འཚོལ་བསྡུ་ཁྱབ་སྤེལ་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་དང་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་པོད་དགུ་རུ་བསྡུ་བསྒྲིགས་བྱས་པ་དག་དཔར་བསྐྲུན་ལེགས་གྲུབ་ཟིན་པས་ཕྱོགས་སོ་སོའི་དཔེ་སྐྲུན་ཁང་དང་ས་གནས་ཁག་ལ་འགྲེམ་སྤེལ་བྱེད་འཆར་ཡོད་པས་རྒྱ་ཆེའི་བླུ་ཉོ་བ་རྣམས་པས་དེ་ལུགས་ཐུགས་འཇགས་འཚལ།

རིན་གོང་དེབ་དཀྱུས་མ1-9ཆ་ཚང་ལ་སྒོར། 280ཡིན།
འབྲེལ་ཡུལ།
ནག་ཆུ་ལ། བསྟན་པ་བཀྲ་ཤིས།
ཁ་པར་ཨང་གྲངས། 18889052888
སྟེང་ཆེན་ལ།
ཁ་པར་ཨང་གྲངས། 18908958591 18989959734
ཁྲིན་ཏུའུ་ལ།
དགེ་བཤེས་བསྟན་པ
ཁ་པར་ཨང་གྲངས། 13982188985