༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > ཀུན་འདུས། > རིག་པའི་གནས་ལྔ། 五部大论 > 4 སྒྲ་རིག་པ།
4 སྒྲ་རིག་པ།
གཤེན་རྩིས་རྣམ་དག་ལོ་ཐོ་འགྲེམ་སྤེལ་བྱས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2019-09-09] [རྩོམ་པ་པོ།:གཙོ་ཚང་ཚུལ་ཁྲིམས་དགེ་རྒྱས། ] [གཟིགས་ཐེངས:]

QQ图片20190909231703.jpg

      དེ་ཡང་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ནང་ཕྱི་རིག་པར་གཏོགས་པའི་གཞུང་ལུགས་མང་དུ་སྣང་བ་ལས། དམུ་རིག་གཤེན་གྱི་གདན་ས་དར་ལྡིང་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་སྨྲ་དབང་ཐོས་པ་རང་གྲོལ་ཏེ། ཡོངས་གྲགས་སུ་གཤེན་མཁས་གྲུབ༼   ༡༧༨༣ ༽ ཅེས་བཅུ་ཕྲག་རིག་པ་སྨྲ་བའི་དྲང་སྲོང་ཆེན་པོ་གང་དེས་སྐུ་འབུམ་རིག་བྱེད་ཁང་དུ་བརྩམས་པའི་རྩིས་གཞུང་གཤེན་གྱི་རྩིས་གསར་རྣམ་དག་གི་རེའུ་མིག་རྒྱས་པ་དང་ལོ་བཤད་སྣང་གསལ་སྒྲོན་མ་གཏན་ལིའི་ཤོག་ཁྲ་བཅས་དང་། སྨྲ་དབང་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན༼   ༡༨༩༣  ༽ གྱིས་དེ་ཉིད་རྩིས་འགོ་སྤོས་ཏེ་རྩིས་གཞུང་བརྗེ་སྒྱུར་མི་དགོས་པའི་རབ་རྒྱལ་ཆུ་འབྲུག་ལོའི་རྩིས་འཕྲོ་ཟུར་ཕྱུང་དང་། གཤེན་རྩིས་རྩ་སྒྲུབ་ནོར་བུའི་ཁང་བཟང་སོགས་གནམ་དཔྱད་སྐར་རྩིས་ཆ་ལག་དང་། མཁས་གྲུབ་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་ནོར་ཕྲེང་། གཞན་ཡང་མཁས་དབང་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེའི་དཔྱད་གསུམ་དག་རྩིས་སུ་འཁོད་པའི་འཁྲུལ་མེད་ཞང་བོད་དུས་གཟེར་བརྟག་ཐབས་དང་ཞང་ཞུང་རྒན་པོའི་ངག་རྩིས། སྟེང་ཆེན་དགོན་པའི་དབུ་མཛད་ཁ་བཙུན་བློ་བཟང་ཚུལ་ཁྲིམས་ཀྱི་འབྲས་རྩིས་རིན་ཆེན་བང་མཛོད། ཁྱུང་པོ་སྟེང་ཆེན་དགོན་པའི་སྲོལ་རྒྱུན་གྱི་ལོ་ཐོ་རྙིང་པ། སྟེང་ཆེན་སྨན་རྩིས་ཁང་གི་ལོ་ཐོ་སོགས་ལ་དཔྱད་གཞིར་བྱས་ནས་བསྒྲིགས་པ་ལགས།

QQ图片20190909230254.jpg

ཁྱུང་པོ་སྟེང་ཆེན་དགོན་པའི་སྲོལ་རྒྱུན་གྱི་ལོ་ཐོ་རྙིང་པ། 

      སྤྱིར་ན་གཤེན་གྱི་རྩིས་ལུགས་འདི་ནི་རྣམ་དག་གྲུབ་པའི་སྟོང་ཆེན་འདས་ལོ་ལས་བསྐྲུན་ཏེ། ཚེས་ཆ་ཆད་ལྷག་དང་ཟླ་རེའི་དབུགས་སྒང་ཁྱིམ་སླེབ་རགས་པའི་ཚད་སོགས་གྲུབ་རྩིས་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་དང་ཕལ་ཆེར་ཁྱད་མེད་ཀྱང་། དེ་ཉིད་ཀྱི་ཉི་མ་དལ་བའི་དྷྲུ་བ་ལ་མན་ངག་ཉི་མྱུར་གྱི་རྐང་ལོངས་བྱིན་པས། ཉི་མའི་འཁོར་འགྲོས་སླེབ་ཚོད་ཉིན་ཞག་བརྒྱད་ཙམ་མགྱོགས་ཞིང་། དེ་དང་བསྟུན་པའི་རེས་འགྲོགས་ཟླ་སྐར་ལའང་རྩིས་ཀྱི་ཆུ་ཚོད ༣༦ ཙམ་གྱི་སྔ་བ་ཡོད་པས་གནམ་སྐར་དང་མཐུན་ཞིང་གྲུབ་བྱེད་རྩིས་རིག་གང་གིས་འགྲན་ཟླ་བྲལ་བ་སྟེ། གཤེན་གྱི་རྩིས་གསར་རྣམ་དག་གི་རྒྱབ་སྐྱོར་རིན་ཆེན་ལྷུན་པོའི་དོ་ཤལ་ལས།

གྲུབ་མཐའི་ཉི་དལ་སོར་བཞག་བཻ་དཀར་མ་བུ་འོད་ཟེར་འབུམ་ལྡན་དང་།།
གྲུབ་གཟའ་བྱེད་ཉི་ལྟག་སྤྲོད་ཉེར་མཁོ་བུམ་བཟང་དཔྱད་གསུམ་དག་རྩིས་སོགས།།
གྲུབ་བྱེད་རྩིས་རིགས་གང་གིས་འགྲན་བྲལ་གཤེན་གྱི་རྩིས་གསར་རྣམ་དག་ཅེས།།
གྲུབ་བརྒྱའི་རྒྱུ་སྐར་དབུས་ན་ངོ་མཚར་འོད་སྟོང་གཡོ་བ་ཁྱེད་ཁོ་ན།།

ཞེས་བསྔགས་པསོ།།

      འབྱུང་ལྡན ༣༠༡ མཆེ་རྣོན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་ཐོ་གསེར་ལོ་ལྗོན་པ། ཞེས་པ་འདི་ནི་ཁྱུང་པོ་སྟེང་ཆེན་དགོན་སྐར་རྩིས་འཛིན་གྲྭའི་དགེ་རྒན་ཚུལ་ཁྲིམས་ནས། ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན་གྱི་ཞལ་ཁྲིད་ལྟར་རྩོམ་སྒྲིག་ཡིག་བཏགས་བྱས་ཏེ། བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་ཧོར་ཟླ་བདུན་པའི་ཚེས ༡༡ དཀར་ཕྱོགས་དགའ་བ་གསུམ་པ། རེས་གཟའ་ཟླ་བ། གྲུབ་སྐར་འབྲུག་གི༢ནས་ཆུ་སྟོད། འཕྲོད་ཆུ་གཉིས་ཤར་བའི་ཉིན་ལ། གདན་ས་འདིའི་མཁན་སློབ་རྣམ་པར་དཔར་ཕུད་ཕུལ་ཏེ་ཁྱུང་པོ་སྟེང་ཆེན་དགོན་ནས་ཕྱོགས་བཞི་ཡོངས་ལ་འགྲེམས་སྤེལ་བྱས། གཙོ་ཚུལ་ཁྲིམས་ནས། ༢༠༡༩/༩/༩

     རྩོམ་སྒྲིག་ཁོངས་མི།  

     གཙོ་ཚང་ཚུལ་ཁྲིམས་དགེ་རྒྱས།  རྩིས་པ་ཉག་བཞི་བོན་ཉིད་ལྷུན་གྲུབ། རྩིས་པ་ལྷོ་རོང་གཡུང་དྲུང་རིན་ཆེན། རྩིས་པ་གཤེར་འགག་དྲང་སྲོང་ཉི་མ། རྩིས་པ་སེ་ཞིག་སོ་ཐར་རྒྱལ་མཚན།


QQ图片20190909231658.jpg


རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་དགེ་རྒན་ར་མ་ཀུན་བཟང་རྒྱལ་མཚན་མཆོག་ནས་གནང་བའི་ཤིས་བརྗོད། 

ངོས་ཚོར་གསོང་བརྗོད།
ལྔ་སྒྲ་གཟའ་ལྔ་རྒྱ་ཞང་ཀུན་ཚོགས་པའི། །
གནམ་དཔྱད་རི་མོ་གཤེན་རྩིས་སྒེག་པ་མོ། །
ཐུན་མོང་ལོ་ཐོའི་ལྟེབ་ཆགས་བཀླུབས་པ་ལ། །
སྒྲ་འགྲེལ་མཛོད་ཀྱི་དགོངས་པའི་པྲ་རྟགས་རིགས། །
མཛེས་པ་མགུལ་དུ་བརྒྱན་པ་ཐུན་མོང་མིན། །
སྔ་སྲོལ་རུས་སྒྲོམ་དེང་གི་ཤ་མདངས་ཐོན། །
ཀུན་གྱི་ཡིད་འོང་དོན་གྱི་འགག་དམ་པ། །
དཀའ་གཅེས་དོན་བླངས་རིས་སུ་དོད་གྱུར་པས། །
ལྕགས་ཕོ་བྱི་བའི་ལོ་ཐོ་གསེར་ལོ་ལྗོན། །
ནོར་སྐྱོན་འཕྲལ་མར་འདོན་པ་ཆེར་མ་མངོན། །
ངོས་དང་འདྲིས་འབྲེལ་བྱུང་བ་ལས་རག་ཕྱིར། །
འདི་ལྟར་གྲུབ་པ་མཐོང་དང་སྤྲོ་ལ་རངས། །
གྲུབ་དོན་འདི་ཞེས་རྒན་ལ་བཀུར་གནང་བས། །
འཕྲིན་དེབ་ངོས་ལ་གནང་བའི་འཕྲལ་མལ་དུ། །
གངས་ཅན་བོད་ལུགས་གསོ་རིག་སྨན་སྦྱོར་གྱི། །
ལག་ལེན་གཞན་ལ་སྤེལ་བའི་ཁུལ་བྱས་སྐབས།  །
སོག་པོའི་རྒྱལ་ས་ཨུ་ལན་བྷ་ཊར་ནས། །
འདི་རྩོམ་དགེ་བའི་བཤེས་གཉེན་གཙོ་ཚུལ་ལ། །
ར་མ་དགེ་མིང་ཀུན་རྒྱན་པ་དེས་ཕུལ། །
འབྱུང་ལྡན ༣༠༡  རབ་རྒྱན་ས་ཕག་ཧོར་ཟླ་༦ ཚེས ༡༢   2019-8-12  ལ།


QQ图片20190909231707.jpg

              འབྲེལ་གཏུགས་ཁ་པར།

                 ལྷ་ས། 186 8911 7779

                 སྟེང་ཆེན། 18615797877 

                དཔའ་ཤོད། 13322555022




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།