༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
ཁྱུང་པོ་སྟེང་ཆེན་དགོན་ནས་སྨན་རིའི་དགེ་བཤེས་བློ་གྲོས་རབ་གསལ་མཆོག་ལ་གདུང་མཆོད་ཕུལ་བ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2019-08-26] [རྩོམ་པ་པོ།:ཚུལ་དགེ] [གཟིགས་ཐེངས:]

ཉེ་ལམ་དགེ་བའི་བཤེས་གཉེན་ཆེན་པོ་ ༧མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱི་སློབ་དཔོན་དམ་པ་བློ་གྲོས་རབ་གསལ་མཆོག་སྐུ་ཞིང་ཁམས་གཞན་དུ་གཤེགས་པར་བོད་ཁམས་སྤྱི་དང་ལྷག་པར་གཡུང་དྲུང་བོན་ལ་གྱོང་གུད་བྱུང་བས་ཕྱོགས་སོ་སོ་ནས་ཁོང་ལ་དད་གུས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུས། དེ་དང་དུས་མཚུངས་འདི་གའི་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་སློབ་འདུས་པ་སྤྱི་ནས་དམ་པ་ཁོང་ཉིད་ལ་གདུང་མཆོད་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་གྲུབ་པའི་གསོལ་འདེབས་སྨོན་ལམ་བཏབ་པ་སྟེ། བར་དོའི་ཐོས་གྲོལ་ཆེན་མོ་དང་མཉམ་མེད་བླ་མ་སྒྲུབ་པའི་གཞུང་བསྲང་ནས་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བླ་མ་དགྱེས་པའི་མཆོད་སྤྲིན་ཟབ་རྒྱས་སུ་ཕུལ་ཞིང་། དཀྱིལ་འཁོར་གྱི་དྲུང་དུ་དམ་པ་ཁོང་གི་སྐུ་པར་མཐོང་བ་རང་གྲོལ་ཞིག་བཤམས་ཏེ། མར་མེ་མཆོད་པ་བརྒྱ་དང་དྲི་བསུང་སྦྱར་སྤོས་སྟོང་གིས་གཙོས་མཆོད་པའི་རྫས་སྣ་དུ་མས་ཁེངས་པར་བགྱིས་ཐོག་སྔོན་དངོས་རྗེས་གསུམ་གྱིས་རྒྱས་གདབ་པ་བཅས་སོ།།

 ༢༠༡༩ ༨ ༢༦ བོད་ས་ཕག་ལོའི་ཟླ་བ་དྲུག་པའི་ཚེས་ཉེར་དྲུག་ཉིན།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།