ཞང་ཞུང་སྒོ་པའི་སྒོ་པ། སུམ་པ་གླང་གི་གྱིམ་ཤོད། ཁྱུང་ཡུལ་སྟེང་པོ་ཆེ་རུ། དཔེ་དེབ་ཚོང་ཁང་ཆེན་མོ་༼ཁྱུང་སྟེང་རིག་མཛོད་དཔེ་ཁང་༽ཞེས་པ་ཞིག་གཞོན་སྐྱེས་ཚོས་གཙོས་པའི་ཤེས་རིག་ལ་དགའ་ཞིང་དུངས་བ་ཡོད་པ་ཚོའི་བགོ་སྐལ་དུ་འཁྲུངས་པ་སྟེ། སྤྱི་ལོ་2019ལོའི་ཟླ་8པའི་ཚེས་24སྟེ། རེས་གཟའ་སྤེན་པ་སྣར་མའི་འགྲུབ་སྦྱོར་ཉིན། ཉི་ཤར་འབྲུག་གི་དུས་ཚོད་ཐོག་སྒོ་འབྱེད་དང་འབྲེལ་ནས་ཚོང་གཉེར་གྱི་ཞབས་ཞུ་སྒྲུབ་མགོ་བརྩམས་མ་ཐག་ཏུ། བྱ་གཞག་བཟང་པོ་དེ་ལ་རྒྱ་ཆེའི་ཤེས་ལྡན་མི་སྣ་ཚོས་གཙོས་པའི་རྟེན་ཕོ་མོ་དང་། ས་སྟོད་སྨད་ཀུན་ཏུ་བཞུགས་པའི་སྐྱེ་བོ་རྒན་གཞོན་བར་མ་ཧ་ཅང་མང་པོའི་དགའ་བསུ་ཆེན་པོ་ཐོབ་པ་དང་། སྤྲོ་མོས་གྱི་བསྔགས་བརྗོད། བརྡ་ཁྱབ་ཀྱི་བརྒྱུད་སྤེལ། རྟེན་འབྲེལ་གྱི་ལེགས་སྐྱེས། བཀྲ་ཤིས་པའི་སྨོན་ཚིག་སོགས་གཅིག་མཇུག་གཉིས་མཐུད་དུ་དཔྱིད་ཀྱི་མྱུ་གུ་དང་དབྱར་གྱི་རྔ་སྒྲ་འདྲ་བ་ཉིན་མཚན་བསྟུད་མར་སྤྲིངས་བས་དྲྭ་ལམ་ཡོམ་ཡོམ་དུ་སྒུལ་སོང་།།


ཚོང་གཉེར་བ་ན་གཞོན་དེ་ཚོས་གསུངས་དོན། “ཤེས་ཡོན་ལ་བརྩི་ཞིང་རིག་གནས་ལ་དགའ་བའི་ཕ་ཡུལ་གྱི་སྤུན་ཟླ་ཐམས་ཅད་ཀྱིས་ཐུགས་ལ་བཞག་སྟེ་རྒྱབ་སྐྱོར་གནང་རོགས། འདིའི་ནང་དུ་དགེ་རྒན་དང་། སློབ་ཕྲུག གྲྭ་བཙུན། བྲིས་པ། ལྷ་བཟོ། ལུས་རྩལ་པ་བཅས་ལ་མཁོ་བའི་དཔེ་དེབ་དང་ཅ་ལག་སྣ་ཚོགས་ཀྱིས་གཙོས་པའི་རིག་གནས་སྒྱུ་རྩལ་གྱི་མཁོ་ཆས་སྣ་ཚོགས་པ་ཚོང་གཉེར་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པས། རྗེས་སུ་ཤེས་ཡོན་རིག་གནས་དང་འབྲེལ་བའི་ཅ་ལག་ཅི་ཞིག་ཉོ་དགོས་ཡོད་ན། ངེད་ཁྱུང་སྟེང་རིག་མཛོད་དཔེ་ཁང་དུ་ཕེབས་རྒྱུར་དགའ་བསུ་ཞུ།། དེ་ཙམ་དུ་མ་ཟད། སྐུ་ཉིད་ལ་གོང་གསལ་ཅ་ལག་དེ་ཚོ་ཉོ་དགོས་པ་མེད་པའི་དུས་སུའང་། ངལ་གསོའི་ཚུལ་དུ་འདི་རུ་ཕེབས་དང་། དྲི་ཞིམ་གྱི་ཇ་མེ་ཏོག་སྣ་ཚོགས་དང་། ཁོ་ཧྥེ། བཏུང་བྱ་མངར་མོ་སོགས་འཐུང་བཞིན་རོ་བརྒྱ་ལྡན་པའི་དཔེ་ཀློག་གི་བྲོ་བ་ལ་རོལ་མྱོང་གནང་ཆོག།”



ཁྱུང་པོ་དཔལ་རྒྱལ་ན་རེ།
“ འདི་ནི་ང་ཚོ་ལ་ཁེ་ཚོང་ཆུང་ངུ་ཞིག་ཐོབ་འདོད་ཀྱི་བློ་ཁོ་ན་མ་ཡིན་པར། ན་གཞོན་ཚོས་གཙོས་པའི་ཤེས་རིག་ལ་དགའ་མོས་ཆེ་བའི་ཡུལ་མི་ཕོ་མོ་རྒན་གཞོན་ཀུན་ལ་མཐུན་ཕྱོགས་ཀྱི་ཞབས་ཞུ་སྒྲུབ་པ་ཞིག་ཏུ་བསྒོམས་ཡོད་པས། ཀུན་གྱིས་རྒྱབ་སྐྱོར་གྱི་རམ་འདེགས་མ་ཆད་ན། རང་གཞན་ཀུན་ལ་ཕན་པ་ལས་གནོད་པ་མེད་པའི་བྱ་བ་ཞིག་ཡིན་པའི་ཡིད་རྟོན་ནར་མར་གནང་ཆོག། ”གསུངས།།
འདི་དང་འདི་ལྟའི་ཤེས་རིག་ཡོན་ཏན་གྱི་བྱ་གཞག་ཐམས་ཅད་སྟོན་གྱི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག།


དཔེ་ཁང་གནས་ཡུལ། སྟེང་ཆེན་རྫོང་སློབ་ཆུང་གི་རྒྱལ་སྒོའི་ཁ་གཏད་གཡོན་ཐད་དུ་ཡོད་པའི་ཐན་ཅིང་ལམ་ཆེན་དུ་ཡོད།
ཚོང་གཉེར་བ། འཆི་མེད་ཙི་ཏ་ནག་པོ། 18408994899
ལག་རོགས། འཆི་མེད་ཁྱུང་ཕྲུག་དཀར་པོ། 152 0805 9191
བློ་འདྲི་ཡུལ། ཁྱུང་པོ་དཔལ་རྒྱལ།