༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 25
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 4 གསར་བརྡ།
4 གསར་བརྡ།
ཁྱུང་པོ་སྟེང་ཆེན་དུ་སྐྱ་སེར་འགའ་ཞིག་གིས་“འཛམ་གླིང་དཔེ་ཀློག་ཉིན་མོ་བསུས”་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ] [ཟླ་ཚེས།:2019-04-24] [རྩོམ་པ་པོ།:སེམས་དཔའ།] [གཟིགས་ཐེངས:]

2.jpg


“དཔེ་ཆ་ནི་དེབ་ཙམ་མ་ཡིན་པར་ཤེས་རིག་གི་ཉིད་བཅུད་རེད།” བྱས་ཙང་“དཔེ་ཆ་ཀློག་པ་ནི་གྲངས་མང་ཉུང་མ་ཡིན་པར། ནང་དོན་ཤེས་མིན་ཡིན”པས་“ཟླ་བ་གཅིག་ལ་དཔེ་ཆ་བཅུ་ཀློག་པ་ལས་དཔེ་ཆ་གཅིག་ཟླ་བ་གཅིག་ལ་ནན་གྱིས་བཀླག་ན་བཟང་ །”﹙བྷོ  གཙུག་ཕུད་འབྱུང་གནས﹚“རྩོམ་པ་པོ་ཡིན་ན་རྩོམ་པ་པོའི་བྲོ་བ་ཡོད་པ་དང་།  


6.jpg


  ཀློག་པ་པོ་ཡིན་ན་ཀློག་པ་པོའི་བྲོ་བ་ཡོད་དགོས་པ”་མ་ཟད་“བརྡ་སྤྲོད་རིག་པ་ལ་གོ་བ་ཟབ་མོ་ཞིག་མེད་ན་དཔེ་ཀློག་ལའང་གོ་བ་ཟབ་མོ་ཞིག་འོང་མི་སྲིད།”   “དཔེ་ཆ་ཀློག་དགོས་ན་ཁེར་ཚུགས་ཀྱིས་ཀློག་དགོས”་པ་ལས། “མིའི་སྐད་ཆ་རང་གིས་བཤད་རྒྱུ་ནི་སྒྲ་བརྙན་ཙམ་རེད།”﹙བྱང་གཞུང་།  སྙན་ངག་པ་སྨྲ་ལྕེ﹚    “དཔེ་ཆ་ཀློག་སྐབས་སུ་བྱུང་བའི་དགྲ་གཉིས་ནི། འཐེན་ཁྱེར་གྱིས་དཔེ་ཆ་ཀློག་པ་དང་གཞན་དབང་གིས་དཔེ་ཆ་ཀློག་པ”་གཉིས་རེད། དཔེ་ཆ་ཀློག་པ་ནི་དོན་གནད་ཆེན་པོ་ལོས་ཡོད་དེ། ཆེ་ནས་བཤད་ན་“བོད་བསྟན་སྲིད་གཉིས་ཀྱི་རྩ་བ་དེ་དཔེ་ཆ་ཀློག་པ་ལ་ཐུག་ཡོད”རེད།﹙གསེར་ཚ།  བྲིས་པ་རྒྱལ་སྲས﹚   རང་མི་རིགས་ཀྱི་“རྩོམ་པ་པོ་ཞིག་ཡིན་ན་རང་མི་རིགས་ཀྱི་རྩོམ་གཤིས་དེའང་རྒྱུན་འཁྱོང་བྱེད་དགོས་”རྒྱུ་ནི་གལ་ཆེན་པོར་སྣང་།﹙གསེར་ཚ། མཁས་བཙུན་རྒྱལ་མཚན﹚   རེད་དེ་“མདོ་དབུས་ཁམས་གསུམ་ཀྱིས་ཡུལ་སྐད་ནང་བྲིས་པའི་དཔེ་ཆ་དག་ཀློག་སྐབས་བརྡ་དོན་མི་འཕྲོད་པས་ངལ་དུབ་ཀྱིས་སེམས་མནར་གྱིན་འདུག”﹙དྭང་ར། བསྟན་ཤེས﹚   དཔེ་ཆ་སྣ་མང་ཁྲོད་ནས་“ང་རང་དགའ་ཤོས་ཀྱི་དཔེ་ཆ་དེ་དཔལ་འབྱོར་ཚོང་ལས་རིག་པ་ཡིན་ལ། 


1.jpg


ཡིག་སྒྱུར་ནི་ངའི་གདམས་ང་ཡིན།  རྒྱུ་མཚན་ནི་དེས་སྤྱི་ཚོགས་ཀྱི་སྟོང་ཆ་བཀང་ཐོབ་པ་ཡིན་པས”་སོ།﹙ཞེ་གཞུང་། རྣམ་རྒྱལ་བཀྲ་ཤིས།﹚      དཔེ་ཆ་ཀློག་སྟངས་ཁྲོད་ནས་“ཕུག་འདུན་མེད་པ་ནི་དཔེ་ཆ་ཀློག་པ་ལ་ནན་གྱིས་འཇུག་མི་ཐུབ་པའི་རྐྱེན་ཉག་ཅིག་རེད”་འདུག་སྙམ་ཡོད་ལ།﹙དཔལ་ལ་ཕུག་དགོན།  ཚུལ་ཁྲིམས་ནམ་མཁའ﹚     “དཔེ་ཀློག་མེད་ན། ཤེས་ཡོན་མེད་ལ། ཤེས་ཡོན་མེད་ན། ཞ་ལོང་འོན་ལྐུགས་ཆགས་རྒྱུ་རེད”་འདུག བོད་རིགས་ཤིག་ཡིན་ན་ཕྱོགས་གཉིས་ཀྱི་ཐད་ནས་བོད་རིགས་ཡིན་དགོས། 


3.jpg


དེ་ཡང་“ཕྱི་ཡི་བོད་རིགས་ཤིག་ཡིན་ན། སྐད་དང་ཡི་གེ། ཡུལ་སྲོལ་གོམས་གཤིས། རྒྱན་ཆས་ཆ་ལུགས། ནང་གི་བོད་རིགས་ཤིག་ཡིན་ན། དད་པ་དག་སྣང་། བྱམས་དང་སྙིང་རྗེ། གཞན་ཕན་བསམ་བཟང་”﹙གཞིས་རྩེ། ཕུན་ཚོགས་རྒྱལ་མཚན﹚ཡོད་དགོས་ལ། “སློབ་གྲྭ་ནང་མི་མང་པོ་ཞིག་ལ་རང་ཉིད་གྲངས་ཉུང་མི་རིགས་ཡིན་པས་མཐོང་ཆུང་དང་རང་བརྙས་ཆེན་པོ་འདུག”﹙ཞེ་གཞུང་། རྒྱ་མཚོ﹚པས་སེམས་ཕམ་ཀྱང་ཆེན་པོ་བྱུང་སོང་། 


4.jpg


དོན་དངོས་ཐོག་དེ་དགོས་དོན་མེད་དེ་མི་རིགས་རེ་རེ་ལ་རང་རང་གི་ཁྱད་བོན་རེ་རེ་ཡོད་པ་མ་ཟད། ཁྱད་བོན་རེ་རེ་དེ་ཡང་མི་རིགས་གཞན་པས་ཚབ་བྱེད་མི་ཐུབ། ང་ཚོས་ “བགྲོ་གླེང་བྱེད་སྐབས་སློབ་ཁྲིད་ཀྱི་རྣམ་པ་སྤངས་ནས་ཕན་ཚུན་བསམ་བློ་བརྗེ་རིས་བྱེད་པའི་སྣང་བ་ཞིག་དགོས”﹙ཚ་བ་ཞོགས་མཛེས﹚གལ་ཆེ་བས་དེ་རྒྱུན་དུ་སེམས་ནང་འཛིན་རོགས་གྱིས་ཞེས་ཞུ་རྒྱུ་ཡོད། ཅེས་བགྲོ་གླེང་གི་གནད་བསྡུས་ཤིག་བསྒྲིགས་པ་ཡིན་ལ།  གཏམ་བཤད་མང་པོ་སྤེལ་བའི་མཇུག་ཏུ་བགྲོ་གླེང་ཡང་ཚ་ཚ་འུར་འུར་ཞིག་ཀྱང་བྱས་སོང་ངོ་།། །།


 5.jpg

 

གཙོ་སྐྱོང་བ་སེམས་དཔས་༢༠༡༩ ཟླ་བ ༤ ཚེས ༢༣ ཉིན་ཁྱུང་སྟེང་ལྷ་ཡི་ཕོ་བྲང་ནང་དུ་བསྡུས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།