༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
དགུ་བཅུའི་དུས་སྟོན་དགའ་བ་འབུམ་གྱིས་བསུ།།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2018-10-13] [རྩོམ་པ་པོ།:ཁྱུང་དཀར་སྟག་ཚ།] [གཟིགས་ཐེངས:]

371539422388_.pic.jpg


ཁྱུང་དཀར་སྟག་ཚ།   ཁྱུང་པོ་སྟེང་ཆེན་དགོན།  



མཚན་དཔེའི་མེ་ཏོག་རྔ་ཡུལ་ཞིང་དུ་བཞད།།

དགག་སྒྲུབ་རིག་ལམ་སེམས་དཔའ་སྟོང་གི་སྤ།།

འཆད་རྩོད་རྩོམ་པའི་ལེགས་བཤད་འོད་སྟོང་འབར།།

བཤད་སྒྲུབ་བསྟན་པ་འཛིན་པའི་སྐྱེས་མཆོག་བསྔགས།།


བཅུ་ཕྲག་རིག་པའི་རྒྱ་མཚོའི་ཀློང་ཡངས་སུ།།          

རྣམ་དཔྱོད་རིག་པའི་བློ་གྲོས་མཁྱེན་རྩལ་རྫོགས།།

མ་རིག་རྨོངས་པའི་སྒྲོན་མེ་སྨྲ་བའི་སེང་།།

ཁ་བའི་རིག་མཛོད་ཆེན་མོ་སློབ་མའི་ནོར།།


འགྱུར་མེད་ལྷག་བསམ་བཟང་པོའི་མཛད་འཕྲིན་འོག། 

མ་རིག་དུག་ལྔའི་གཉེན་པོ་ཡེ་ཤེས་བསྐྱེད།།

ལུང་རིགས་སྤྱི་རྒྱ་གཅོད་པའི་པཎྚི་ཏ།།

གཞུང་ལུགས་སྨྲ་བའི་དབང་པོ་དུས་ཀུན་རྒྱལ།།


བསིལ་ལྡན་སྨན་ལྗོངས་ཡངས་པའི་དོ་ར་རུ།།

མཚུངས་མེད་སྨྲ་བའི་སྐྱེས་མཆོག་རྣམ་དཔྱོད་ལས།།

ལུང་རིགས་གཏིང་ཟབ་འབེལ་གཏམ་ལྷུག་པོར་གནང་།།

རབ་མཛེས་བསིལ་ལྡན་སློབ་མའི་བློ་གྲོས་རྒྱས།།


རྨད་བྱུང་འཆད་རྩོད་རྩོམ་པའི་ཞིང་ཁམས་སུ།།

དགག་སྒྲུབ་རིག་འཕྲུལ་མྱུར་བའི་གློག་ཞགས་འཁྱུག།

བུ་སློབ་སྟོང་ཕྲག་ལྷག་གི་བློ་རྨོངས་སེལ།།

གྲགས་སྙན་གཡུ་འབྲུག་སྔོན་མོའི་ངར་སྐད་ལྡིར།།


ཤེས་བྱའི་མཁའ་ལ་བློ་གྲོས་མཁྱེན་བརྩེ་རྒྱས།།

གྱེར་བསྟན་གཤེན་ཕྲུག་དུ་མའི་སྙིང་གི་ནོར།།

བོན་འབངས་སྤྱི་ནོར་རིག་པའི་གསེར་གྱི་འོད།།

འགྲོ་འདྲེན་སྐྱེས་བུ་ཆེན་མོ་བསྟན་པའི་རྒྱན།།


ཆོལ་གསུམ་བོན་གྱི་བསོད་ནམས་ཞིང་ས་སྟེ།།

མདོ་སྨད་རྔ་ཡུལ་གཡང་གི་ཕྱུག་མོའི་ཞིང་།།

བསླབ་གསུམ་ངུར་སྨྲིག་འཛིན་པའི་དྲང་སྲོང་པ།།

སྨྲ་དབང་མི་ཡི་སེང་གེ་ལན་བརྒྱར་བསྔགས།།


མདོ་སྨད་སྣང་ཞིག་དགོན་གྱི་གདན་ས་རུ།།

བཤད་སྒྲུབ་བསྟན་པའི་དབྱར་གྱི་རྔ་བོ་ཆེ།།

རྗེ་བཙུན་སྨྲ་བའི་སེང་ཆེན་ཞེས་སུ་གྲགས།།

སྐལ་བཟང་གོ་སྟོན་དགའ་བ་འབུམ་གྱིས་བསུ།།

༢༠༡༨ / ༡༠/༩ ཉིན་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་ངེས་དོན་གྱི་བཤེས་གཉེན་ཆེན་མོ་དྲང་སྲོང་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་དགུང་གྲངས་གོ་སྟོན་ལ་ཕེབས་པ་དགའ་བ་འབུམ་གྱིས་སྐལ་བཟང་གི་ཤིས་ཚིག་འབུལ་བ་ལགས་སོ།།

381539422394_.pic.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།