༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
སྦྱིན་བདག་རི་ཐོ་བཟའ་ཚེ་རིང་ཉི་མཚོའི་རྟེན་བཞེངས་ལེགས་གྲུབ་བྱུང་བ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2018-04-29] [རྩོམ་པ་པོ།:ཨ་ཁུ་དྲང་ཉི།] [གཟིགས་ཐེངས:]

QQ图片20180429221949.jpg

     རྣམ་དཀར་དགེ་བའི་ལས་ལ་འདུན་པ་རབ་ཏུ་ཆེ་བའི་རི་ཐོ་བཟའ་ཚེ་རིང་ཉི་མཚོ་ནི་ཕ་ཡུལ་བོད་ལྗོངས་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་བརྡལ་རྨ་སྲིབ་གྲོང་ཚོ་ནས་ཡིན་པའི་མི་སེར་དཀྱུས་མ་ཞིག་ཡིན།  མོས་ཀུན་སློང་རྣམ་པར་དག་པའི་སྒོ་ནས་ཕ་དགོན་སྐུ་འབུམ་ཉི་ཤར་དགོན་ (དགོན་འདི་ནི་དུས་རབས་བདུན་པ་ཡས་མས་སུ་དྲན་པ་ཡབ་སྲས་སོགས་ཀྱིས་ཆག་བཏབས་ཤིང་ཕྱིས་སུ་སྣང་སྟོན་ཟླ་བ་རྒྱལ་མཚན་སོགས་བསྟན་འཛིན་སྐྱེས་བུ་དུ་མས་གཟིགས་རྟོགས་མཛད་པ་རྒན་རབས་དག་གི་ངག་རྒྱུན་དུ་ཕྱིས་སུ་རིག་གསར་མཇུག་སྒྲིལ་ནས་དགོན་གཞི་གནས་སྤོ་དང་གསར་བཞེངས་སྐབས་སུ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རྣམ་གཉིས་གཙོས་པའི་མཁན་པོ་དགེ་བཤེས་དུ་མས་བཀའ་དྲིན་བསྐྱངས་པ་དང་ལྷ་སྡེ་མང་ཚོགས་རྣམས་ཀྱི་ནུས་ཤུགས་ཡོད་རྒུ་བརྩལ་ནས་ཕྱི་ནང་གི་རྟེན་དང་བརྟེན་པ་ལེགས་གྲུབ་པའོ།།) དུ་དམངས་སྒོར་ཁྲི་ཚོ་བཞི་བཅུ་ལ་ཉེ་བ་ཙམ་གྱི་འགྲོ་སོང་བཏང་སྟེ། བལ་ཡུལ་ནས་བཟོས་པའི་རྒྱུ་ལི་གསེར་ལས་གྲུབ་པའི་གཤེན་རབ་རྣམ་པར་རྒྱལ་བ་དང་རྒྱལ་ཡུམ་ཤེས་རབ་བྱམས་མ་གཉིས་ཀྱི་སྐུ་འདྲ་སྤུས་ལེགས་མཐོ་ཚད་རྨིད་གཉིས་རེ་ཡོད་པ་གཉིས་དང་རྒྱུ་ལི་ཁྲ་ལས་གྲུབ་པའི་མནྜལ་སྤུས་ལེགས་མཐོ་ཚད་ཁྲུ་གཉིས་ཡོད་པ་གཅིག་བཅས་ཕྱི་ཡི་བཟོ་བཀོད་དང་ནང་གི་གཟུངས་གཞུག་འབུལ་རྒྱུ་སོགས་ལེགས་པར་གྲུབ་ནས།

QQ图片20180429221958.jpg

     དེ་རིང་སྟེ་སྤྱི་ཟླ་བཞི་པའི་ཚེས་ཉེར་དགུ་དང་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེ་མཆོག་སྦྱིན་པའི་བདག་པོ་རི་ཐོ་བཟའ་ཚེ་རིང་ཉི་མཚོས་ཇི་ལྟར་གསོལ་བ་བཏབས་པ་བཞིན་དུ་སྐུ་འབུམ་ཉི་ཤར་དགོན་དུ་ཕེབས་ནས་མངའ་དབུལ་བཀྲ་ཤིས་གཏེར་མཛོད་སོགས་གསུང་ནས་གསར་བཞེངས་བྱས་པའི་ཡིད་འོང་བཀོད་ལེགས་ཀྱི་སྐུ་འདྲ་གཉིས་ལ་མངའ་དབུལ་རབ་གནས་ལེགས་པར་གྲུབ་རྗེས་སྐྱབས་རྗེ་འོད་ཟེར་སྦྱིན་པ་རིན་པོ་ཆེ་དང་མཁན་པོ་ནམ་མཁའ་འོད་ཟེར་རྣམ་གཉིས་ཀྱིས་སྦྱིན་བདག་རི་ཐོ་བཟའ་ཚེ་རིང་ཉི་མཚོ་ནས་རྣམ་དཀར་གྱི་མཛད་བཟང་ལ་གཟེངས་བསྟོད་དང་བསྔགས་བརྗོད་ཀྱི་ཚུལ་དུ་མགུལ་དར་བསྒྲོན་ཞིང་དྲན་རྟེན་དང་ཉིན་ཐོ་གཅིག་ཆོག་གི་ཚུལ་དུ་སྐུ་པར་བསྐྱོན་པ་སོགས་ཀྱི་བཀའ་དྲིན་བསྐྱངས་པའོ།། 

     འདི་དང་འདི་ལྟ་བུའི་དགེ་རྩ་རླབས་པོ་ཆེ་དག་ལ་དད་ལྡན་མི་དམངས་ཞིག་ངོས་ནས་བཤད་ན་བསྔགས་བརྗོད་དང་ཡི་རང་བྱ་ཡུལ་ཞིག་ཅིའི་ཕྱིར་མིན། དེས་ན་ངས་འདི་ནས་ཕ་ཡུལ་གྱི་སྡེ་དགོན་ཡོངས་ཀྱི་ཚབས་ཞུས་ཏེ་སྦྱིན་བདག་མཆོག་ལ་ཡི་རང་དང་བཅས་སོར་བཅུ་སྙིང་ཁར་སྦྱར་ནས་བཀའ་དྲིན་ཆེ་ཡང་ནས་ཡང་དུ་ཞུ་བ་དང་སྦྱིན་པའི་བདག་པོ་མཆོག་ཚེ་འདིར་ནད་མེད་ཚེ་རིང་བསམ་དགུ་ཡིད་བཞིན་དུ་འགྲུབ་པ་དང་ཕྱི་མ་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས་མཐར་ཐུག་གཏན་བདེ་ཐོབ་པའི་སྨོན་འདུན་ཞུ་བའོ།།

སླར་སྨྲས་པ།
རྣམ་དཀར་དགེ་རྩ་དྲི་མེད་དག།
རྣམ་མང་འགྲོ་བ་བདེ་ཕྱིར་བསྔོ།།
རྣམ་དག་ས་ལམ་མྱུར་བགྲོད་ནས།།
རྣམ་གསུམ་སྐུ་མཆོག་མྱུར་ཐོབ་ཤོག།

ཅེས་ཡུལ་མི་རི་ཐོ་བཟའ་ཚེ་རིང་ཉི་མཚོ་ནས་ཀུན་སློང་རྣམ་པར་དག་པའི་སྒོས་རང་དགོན་དུ་རྟེན་བཞེངས་རླབས་པོ་ཆེ་ཡོངས་སུ་གྲུབ་པར་་ཡི་རང་དང་བཅས་ཨ་ཁུ་དྲང་ཉི་ནས་2018.04.29ཉིན།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།