དེ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་སྐུ་སྐྱེ་བ་བཞེས་ནས་མི་ལོ་༡༨༠༣༤དང་རྒྱལ་བ་མཉམ་མེད་པ་སྐུ་འཁྲུངས་ནས་མི་ལོ་༦༦༡གི་ལོ་སྟེ་བོད་མེ་བྱ་ལོའི་ཟླ་བ་༩/༢༠-༢༡ཉིན་གཉིས་ཀྱི་ནང་འདི་ག་ཁྱུང་པོ་སྟེང་ཆེན་དགོན་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་གི་ལོ་འཁོར་རྩོད་རྒྱུགས་ཆེན་མོ་འཚོགས་པ་རེད།










![]()
![]()
དེ་ཡང་ཁྱུང་པོ་སྟེང་དགོན་གྱི་དཔོན་སློབ་རྒྱལ་བ་བསྟན་འཛིན་རིན་པོ་ཆེ་དང་སྒྲུབ་གྲྭའི་མཁན་འཕགས་མཆོག་སེམས་དཔའ་རིན་པོ་ཆེ། བཀའ་བརྟེན་དཔེ་རྙིང་ཁང་གི་གཙོ་འཛིན་པ་ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན་གཙོས་པའི་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་རྣམ་པ་དཔང་བཞུགས་འོག་བཤད་སྒྲུབ་འདུས་སྡེ་དུམ་བུ་གཉིས་སུ་བགོས་ཏེ་གསང་བ་སྔགས་ནས་བསྡུས་གྲྭ་བར་དུ་རིམ་བཞིན་རིག་ལམ་རྩོད་པའི་རྒྱུགས་སྤྲོད་གཏོང་བའོ།
༢༠༡༧/༡༡/༡༠ཉིན་དྲུང་ཡིག་སེམས་དཔས།