༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > བོན་སྒོ། > 6 ཆོས་ལུགས་སྣ་ཚོགས།
6 ཆོས་ལུགས་སྣ་ཚོགས།
སེ་ཞིག་དགོན་ནས་རྒྱལ་བ་སྨན་རི་བའི་དགོངས་རྫོགས་གདུང་མཆོད་ཕུལ་བ།
[རྩོམ་ཁུངས།:ཁྱུང་པོོའི་དྲྭ་བ།] [ཟླ་ཚེས།:2017-11-07] [གཟིགས་ཐེངས:]

གསེར་གྱི་ཁྱུང་ཆེན་མཁའ་ལ་འཕུར།།     

མ་དག་སེམས་ཅན་ཤུལ་དུ་ལུས།།       

དུས་ཀྱི་སྟོན་པ་དབྱིངས་ལ་གཤེགས།།      

བསླབ་གསུམ་བསྟན་པ་རྗེས་བཞག་གནང་།།     



 

     སྙིགས་དུས་བསྟན་པའི་གསལ་བྱེད་རང་ཅག་བོན་འབངས་ཡོངས་ཀྱི་ལྷ་སྐལ་སྐྱབས་རྗེ༧སྨན་རི་མཁན་ཆེན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཉིད།  སྤྱི་ལོ ༢༠༡༧ ཟླ  ཚེས ༡༤ ཉིན་འཕགས་ཡུལ་བྱེས་ཀྱི་གདན་ས་༧སྨན་རིའི་བླ་བྲང་དུ་རེ་ཞིག་འདི་སྣང་སྐུ་ཡི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་གདུང་ཚོ་འོག       ཕྱི་ནང་བོན་འབངས་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་མགོན་པོ་གང་ཉིད་ཀྱི་གདུང་མཆོད་དུ་དམིགས་ཏེ་ཚོགས་བསགས་མཆོད་སྤྲིན་དང་དགེ་རྩ་བསམ་གྱིས་མི་ཁྱབ་པར་བསྒྲུབས་དང་སྒྲུབ་བཞིན་ལགས་ན།    དེ་མཚུངས་སུ་མདོ་ཁམས་༧སྡེ་དགེ་སེ་ཞིག་དགོན་གཡུང་དྲུང་རབ་བརྟན་གླིང་གི་སྒོམ་སྒྲུབ་གླིང་ནས་སྐྱབས་རྗེ་རི་པོ་ཆེའི་སྐུ་པར་མདུན་དུ་རྣམ་ལྔ་སོགས་མཆོད་པའི་སྤྲིན་ཚོགས་རྒྱས་འབུལ་དང་གསོལ་འདེབས་དབྱངས་སུ་གྱེར་ཞིང་མཉམ་མེད་བླ་སྒྲུབ་དང་དྲན་པ་ཡབ་སྲས་སྟག་ལ་སོགས་ཀྱི་ཚོགས་འཁོར་རྒྱས་འབུལ་ཞུས་ཤིང་། དེ་བཞིན་དགོན་གྱི་བླ་གྲྭ་ལྷན་འཛོམས་དང་སྐྱ་འདུས་སེར་འཚོགས་བྱས་ཏེ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་དང་འདྲེན་པ་གང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་དངོས་བཤམ་མཆོད་པའི་སྤྲིན་ཚོགས་རྒྱ་ཆེར་ཕུལ་ནས་གདུང་ཤུགས་དྲག་པོའི་གསོལ་འདེབས་སྨོན་ལམ་བགྱིས་ཤིང་། ལྷ་སྡེ་མང་ཚོགས་རྣམས་ཀྱིས་ཡིག་བརྒྱ་དང་སྙིང་པོ་རྣམ་གསུལ་སོགས་བསྙེན་གྲངས་ཁྲི་འབུམ་བྱེ་བ་མང་པོ་དང་ཚེ་ཐར་སྲོག་བསླུ་གང་མང་།  ཤ་མི་ཟ་བ་དང་སྒོ་བཤས་དང་རྒྱ་བཤས་སྤངས་མཁན་དང་ད་དུང་ཤོ་བག་སྣ་ཐ་ཆང་རག་སྤངས་བ་སོགས་ལོ་དང་ཟླ་བ་ཞེ་དགུའི་རིང་ལ་དགེ་སྒྲུབ་སྡིག་སྤང་གི་གཡར་དམ་བཅས་ཤིང་།

མདོར་ན་སྐྱབས་རྗེ་མཆོག་གི་གདུང་མཆོད་དགོངས་རྫོགས་དམིགས་ཏེ་ཚོགས་བསགས་དགེ་རྩ་བསྒྲུབས་དང་སྒྲུབ་བཞིན་པའི་གནས་ཚུལ་རག་བསྡུས་སུ།   སེ་ཞིག་དགོན་གྱི་ལས་འཛིན་ལྷན་ཚོགས་ནས།།


8D94AA145E3DB148B65B94F32BA80C3F.jpg




 

 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།