༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
བདུད་སྡེ་དྲུག་གི་གསང་ཚིག
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-11-02] [རྩོམ་པ་པོ།:སྡོང་ཟླ།] [གཟིགས་ཐེངས:]



                     སྡོང་ཟླ།།

གདོད་ནས་རྣམ་དག་རིག་པ་ཡེ་ཤེས་ཀློང་།།      

སྣང་ཆེན་གསུམ་གྱི་རོལ་པའི་གཡོ་ལྡང་ལ།།                         

རང་སྣང་མ་ཟིན་འཁྲུལ་བློས་ཉེས་ཚབས་ཀྱིས།།

འཁོར་ངན་གྲོང་དུ་འཁྱམ་པའི་དམུས་ལོང་བཟོས།།

ལེགས་ཚོགས་ཆ་ཤས་ཙམ་ཞིག་ཐོབ་པ་ལ།།

ཁེངས་སྐྱུང་མ་ནུས་རང་ཉིད་མཆོག་ཏུ་བལྟས།།             

གོང་མ་མི་བལྟོས་སུ་ལ་མི་བརྩི་བའི།།

བློ་ངན་དེ་ནི་ཡོན་ཏན་འཇོམས་པའི་གཤེད།།

ཡིད་ངོར་མི་འཐད་རིགས་ལ་ཞེ་གནག་གིས།།

དངོས་བརྒྱུད་ཤུཊ་ནས་གསོད་དང་བརྡེག་པའི་ཞོར།།                

མ་བསྔོས་དགེ་བ་འཛད་ལ་ཆེས་དཔའ་བས།།

ཡང་དག་ཐར་པའི་ལམ་གྱི་གེགས་བྱེད་དོ།།

དབང་པོའི་སྒོ་ལ་ཤར་བའི་ཡུལ་ལྔའི་ཁམས།།

བརྐམ་ཆཊ་ཡིད་ཡུལ་འདྲེན་པའི་རྟོག་བློ་ཅན།།              

ཅི་ཙམ་སྤྱད་ཀྱད་དེ་བཞིན་མི་ཚིམས་པ།།

ལན་ཚྭའི་ཁུ་བ་བཏུང་བའི་ཚུལ་ལ་ལྟོས།།

མུན་པའི་ཁུང་བུ་ཕག་ཏུ་འཁྲས་བཅས་ནས།

བསམ་ངན་དགུ་ཚིགས་རྭ་ཅོ་སྣུན་སྟབས་ཀྱིས།                    

དལ་འབྱོར་སྙིང་པོའི་རྩ་བ་འབྱིན་བྱེད་པོ།།

ནོག་དང་ལྐོག་ཤལ་མེད་པའི་སྨྱོན་པ་གླང་།།

ཕར་ཕྱོགས་ནོར་རྫས་གྱ་ནོམ་མཐོང་བ་ན།།

སེམས་རྒྱུད་འཁྲུག་ཅིང་ཞེ་ནས་མི་བཟོད་པ།།                 

སྨོད་དང་སྐུར་འདེབས་ཚིག་གི་སྲབ་མཐུར་དེས།།

དགའ་དད་ཡི་རང་བློ་ཁ་གཞན་དུ་བཅུན།།


༡  མ་རིག་པ།    ༢  ང་རྒྱལ།   ༣  ཞེ་སྡང་།

༤  འདོད་ཆགས།  ༥  གཏི་མུག།  ༦  ཕྲག་དོག།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།