རྩོམ་པ་པོ། སྨན་རིའི་ཁྲི་འཛིན་སོ་གསུམ་པའི་བླ་སྒྲུབ་གློག་རྡུལ་འཕྲུལ་དེབ།
ཡིག་ཆའི་རིགས་གྲས། PDF
སྐད་ཡིག བོད་ཡིག
སྤེལ་དུས། 2017-09-17
ངོ་སྤྲོད་མདོར་བསྡུས།

འདི་ནས་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་བླ་སྒྲུབ་གློག་རྡུལ་འཕྲུལ་དེབ་ལེན་ན་ཆོག་པའོ།།.pdf
འདི་གོང་ནས་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་བླ་སྒྲུབ་གློག་རྡུལ་འཕྲུལ་དེབ་ལེན་ན་ཆོག་པའོ།།

དྭང་ར་བླ་མ་ཀུན་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ལོ་རྒྱུས་མདོ་བསྡུས།

དྭང་ ར་ ཤེལ་ ཞིག་ བླ་ མ་ ཀུན་ བཟང་ བསྟན་ འཛིན་ མཆོག་ ནི་ སྤྱི་ ལོ་ ༡༩༨༧ལོ་ སྟེ་ བོད་ རབ་ འབྱུང་ བཅུ་ བདུན་ མེ་ ཡོས་ ལོའི་ ཟླ་ བ་ ༡༡བའི་ ཚེས་ ༨་ ཉི་ ཤར་ གྱི་ དུས་ སུ་ ་ཉི་ མ་ རྫོང་ སྟ་ སྒོ་ ཤང་ ཡབ་ ཤེལ་ ཞིག་ བླ་ མ་ ལྷ་ རྒྱལ་ དང་ ཡུམ་ སྐལ་ བཟང་ གཉིས་ ཀྱི་ སྲས་ སུ་ ངོ་ མཚར་ གྱི་ ལྟས་ དུ་ མ་ དང་ བཅས་ ཏེ་ སྐུ་ བལྟམས། ཁོང་ ནི་ སྔོན་ སྦྱངས་ ཀྱི་ ལས་ འཕྲོ་ སད་ པས་ འཕྲུལ་ ཡིག་ རང་ བརྡོལ་ དུ་ མཁྱེན་ ཅིང་ སྐྱེས་ ཐོབ་ ཀྱི་ ཡོན་ ཏན་ ཕུལ་ དུ་ ཕྱིན་ པའི་ འཁྲུལ་ བྲལ་ མ་ སྲིང་ མཁའ་ འགྲོའི་ ཞལ་ མཇལ་ ལུང་ བསྟན་ གྱི་ གདམས་ པ་ མང་ དུ་ ཐོབ་ ཅིང་ རིག་ འཛིན་ མཁའ་ འགྲོའི་ འཚོགས་ གྲལ་ གྱི་ དབུས་ ནས་ གསང་ བདག་ གསང་ བ་ འདུས་ པ་ རིག་ འཛིན་ མཁས་ བཞི་ ལོ་ བཎ་ བླ་ ཆེན་ དྲན་ པ་ ཡབ་ སྲས་ རྣམས་ ཀྱིས་ ཕྱི་ ནང་ གསང་ བ་ ཡང་ གསང་ གི་ དབང་ བསྐུར་ ཞིང་ མཚན་ གསོལ་ བ་ ཕྱི་ ལྟར་ ན་ གཡུང་ དྲུང་ གསང་ སྔགས་ གྲགས་ པ་ ནང་ ལྟར་ ན་ ཀུན་ བཟང་ རང་ གྲོལ་ གླིང་ བ་ གསང་ བ་ ལྟར་ ན་ གསང་ བདག་ ནམ་ མཁའ་ རང་ གྲོལ་ ཡང་ གསང་ ལྟར་ ན་ དབྱིངས་ རིག་ བདེ་ གསལ་ སྙིང་ པོ་ ཞེས་ གནང་ བ་ ཐོབ་ པས་ ཟབ་ གཏེར་ སུམ་ ཅུ་ སོ་ གཉིས་ ཟབ་ དོན་ པོ་ ཏི་ ཉེར་ ལྔ་ ལ་ སོགས་ ལུང་ བསྟན་ ཅིང་ བཀའ་ རྒྱ་ གནང་ བས་ ཆུང་ ནས་ གཞན་ དང་ མི་ འདྲ་ བའི་ ཉམས་ རྟོགས་ ཀྱི་ གདེང་ ཚོད་ རྙེད་ ཅིང་ འགྲོ་ དོན་ སྨིན་ གྲོལ་ ནུས་ པའི་ སྐྱེས་ བུ་ ཁྱད་ དུ་ འཕགས་ པ་ ཞིག་ ཡིན་ པ་ དང་ ། ཕྱིས་ སུ་ མདོ་ དབུས་ ཁམས་ གསུམ་ གྱི་ བླ་ སྤྲུལ་ དགེ་ བཤེས་ དཔྱོད་ ལྡན་ དུ་ མས་ བརྟག་ དཔྱད་ དང་ ཞིབ་ འཇུག་ གང་ ཟབ་ གནང་ ཞིང་ ཁོང་ ནི་ འཁྲུལ་ བྲལ་ མ་ སྲིང་ མཁའ་ འགྲོའི་ སྙིང་ བུ། དུས་ ངན་ བསྐལ་ ཁུགས་ གསོ་ བའི་ དཔའ་ བོ། རྩོད་ དུས་ རིག་ པ་ འཛིན་ པའི་ འཁྲུལ་ ཞིག་ དུས་ རབས་ ཉེར་ གཅིག་ པའི་ ཞྭ་ དཀར་ གཡུང་ དྲུང་ བོན་ གྱི་ ལུང་ ཟིན་ གཏེར་ སྟོན་ ཞིག་ ཡིན་ པའི་ ངོས་ ཟིན་ དང་ གདེང་ འཇོག་ ཚད་ མེད་ ཐོབ་ པར་ བརྟེན། ཁོང་ གི་ གསང་ གསུམ་ གྱི་ མཛད་ འཕྲིན་ དང་ ཐུན་ མིན་ ཡོན་ ཏན་ ཕྱོགས་ ཀྱི་ ཐ་ གྲུ་ མདོ་ དབུས་ སྟོད་ སྨད་ ཀུན་ ཏུ་ ཁྱབ་ ཅིང་ བསྟན་ དང་ འགྲོ་ ལ་ སྨན་ པའི་ མཛད་ འཕྲིན་ བསམ་ འདས་ ཞིག་ སྐྱོང་ བ་ དང་ ། ལྷག་ པར་ དུ་ རིག་ སྟོང་ གཉུག་ མའི་ གཤིས་ ལས་ མ་ གཡོས་ བཞིན་ དུ་ ཀློང་ བརྡོལ་ དགོངས་ པའི་ གཏེར་ དུ་ ཕབས་ པའི་ གསུང་ འབུམ་ ངེས་ དོན་ ཁྲིད་ རིམ་ གྱི་ སྐོར། གསང་ རྒྱུད་ སྒྲུབ་ ཆོག་ གི་ སྐོར། ལུང་ བསྟན་ དཀར་ ཆག་ གི་ སྐོར། ཞལ་ གདམས་ ཉམས་ མགུར་ གྱི་ སྐོར་ སོགས་ པོད་ བཅུ་ ལ་ ཉེ་ བ་ ཞིག་ ཡིག་ ཐོག་ ཏུ་ ཕབ་ ་གནང་ བ་ དང་ ། དེའི་ ནང་ ནས་ རྒྱ་ ནག་ རི་ བོ་ རྩེ་ ལྔ་ དང་ ། སྟོད་ ཀྱི་ ཁྱུང་ ལུང་ དངུལ་ མཁར། རྨ་ སྤོམ་ ར་ གཙོས་ པའི་ དཀར་ ཕྱོགས་ སྐྱོང་ བའི་ གནས་ རི་ དུ་ མ་ ཞིག་ ལ་ སྔར་ མེད་ པའི་ དཀར་ ཆག་ གནས་ བཤད་ གསར་ དུ་ ཕབས་ ཤིང་ ཕལ་ གྱི་ བློ་ ལ་ མི་ ཤོང་ བའི་ ངོ་ མཚར་ གྱི་ ཡོན་ ཏན་ བརྗོད་ ཀྱི་ མི་ ལོང་ བའི་ བླ་ མ་རིན་ པོ་ ཆེ་ མཆོག་ གདུལ་ བྱ་ རྒྱ་ ནག་ ཡུལ་ དུ་ ཕེབས་ སྐབས་ སུ་ བྲག་ དཀར་ གཡུང་ དྲུང་ འཁྱུད་ རྩེ་ དགོན་ པས་ གདན་ ཞུས་ ལྟར་ ཕེབས་ ནས་ མཆོག་ རིན་ པོ་ ཆེའི་ བཀའ་ གསང་ སྔགས་ མ་ རྒྱུད་ གསང་ བ་ དོན་ འདུས་ ཀྱི་ དབང་ བཞི་ མནོས་ པ་ དང་ ། གཞན་ ཡང་ དཀར་ ཆག་ ལོ་ རྒྱུས་ ཉམས་ མགུར་ སོགས་ ཀྱི་ བྱིན་ རླབས་ བདུད་ རྩིའི་ རྒྱུན་ བཟང་ བདག་ ཅག་ བླ་ གྲྭ་ ཡོངས་ ཀྱི་ སྤྱི་ བོར་ བླངས་ བའི་ སྐལ་ བཟང་ ཤར་ བས་ དེ་ ལྟར་ དུ་ དཔེ་ བསྐྲུན་ ཞུ་ ཐུབ་ ན་ རང་ གཞན་ ཀུན་ ལ་ ཕན་ ཐོགས་ རྒྱ་ ཆེར་ འབྱུང་ བ་ ཐེ་ མི་ ཚོམ་ པར་ གོ་ སྟེ་ ལྷག་ བསམ་ རྣམ་ དག་ གིས་ འདི་ དག་ ཕྱོགས་ སུ་ བསྒྲིགས་ པ་ ལ་ རང་ ངོ་ ནས་ གཅིག་ ན་ སྐྱེས་ སྟོབས་ ཀྱི་ ཡོན་ ཏན་ དང་ གཉིས་ ན་ སྦྱང་ སྟོབས་ ཀྱི་ ཤེས་ རབ་ དབེན་ པས་ ཡིག་ ནོར་ ལ་ སོགས་ སྐྱོན་ ཆ་ ཅི་ རིགས་ ཡོད་ ངེས་ པས་ མཁྱེན་ ལྡན་ རྣམས་ ཀྱི་ སྤྱན་ སྔར་ བཟོད་ གསོལ་ འབུལ་ ཞིང་ དགེ་ བས་ བདག་ གཞན་ རྣམས་ ཐམས་ ཅད་ ཀྱི་ འདི་ ལྟར་ གཞུང་ དོན་ ཅི་ བཞིན་ རྟོགས་ ཏེ་ དེ་ བཞིན་ ཉིད་ དུ་ འགྲུབ་ པའི་ སྨོན་ འདོན་ བཅས་ སྙིང་ ཐག་ པ་ ནས་ ཕུལ་ བའོ།། ཅེས་ མདོ་ སྨད་ ཟིང་ ཆུ་ ནགས་ རིང་ བྱང་ བྱ་ དུར་ མཁའ་ འགྲོ་ འུག་ གདོང་ མདུན་ ཞོལ་ བྲག་ དཀར་ གཡུང་ དྲུང་ འཁྱུད་ རྩེ་ གསང་ ཆེན་ སྨིན་ གྲོལ་ གླིང་ ནས་ སྤྱི་ ལོ་ ༢༠༡༥ཟླ་ ༡ཚེས་ ༡༦སུ་ སྤེལ་ ལོ།།
ཐོབ་སྐར། : ![]()
གཟིགས་ཐེངས: