༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 27
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
སྒོར་མོ་མེད་ཀྱང་སེམས་པ་སྐྱིད་ཤོས་དེ་སུ་རེད་ཟེར་ན་དགོན་གྱི་བཤད་སྒྲུབ་སློབ་གཉེར་བ་དེ་ཚོ་རེད།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-07-31] [རྩོམ་པ་པོ།:ཁྱུང་བསོད་བློ།] [གཟིགས་ཐེངས:]


སྒོར་མོ་མེད་ཀྱང་སེམས་པ་སྐྱིད་ཤོས་དེ་སུ་རེད་ཟེར་ན་དགོན་གྱི་བཤད་སྒྲུབ་སློབ་གཉེར་བ་དེ་ཚོ་རེད།

28E3A02F151F6527B023D252BE326FD3.jpg

   ༧ དེང་སང་འཇིག་རྟེན་འདི་ཡི་ཐོག་ལ་མི་ཆེ་ཆུང་དང་བྱ་བཞག་འགྲུབ་ཆེ་ཆུང་ལ་མ་ལྟོས་པར་ཚང་མས་སྒོར་མོ་བཙལ་ནས་སྐྱིད་པོ་བཟོ་བཞིན་ཡོད་རེད། ཕྱུག་པོ་དང་ཚོང་པ་རླབས་ཆེན་ཚོས་ནི་ཚེ་འདི་ཡི་བཟའ་བཏུང་གི་གྲ་སྒྲིག་ཙམ་ལས་མ་ཚད་པར་རྗེས་མའི་མི་རབས་དང་བུ་ཚ་ཡང་ཚ་སོགས་ལ་འཚོ་ཆས་གྱ་ནོམ་པོ་ཡོང་ཐབས་དང་མ་འོངས་པར་སུ་གཅིག་གིས་དོ་ཟླ་མེད་པར་བྱ་དགོས་པའི་ཚོད་དཔག་རི་བོ་ལས་ཆེ་བ་ཡོད་ཐག་རེད།  དེ་ཙམ་འབྱོར་བ་མེད་པའི་མི་བུ་ཚོས་ཀྱང་མི་ཚེ་འདིའི་ཐོག་ལ་མཚན་སྙན་གྲགས་ཐོབ་གོ་ས་འཁོར་ལོངས་སྤྱོད་སུ་ལས་གོང་དུ་བརྒལ་བར་བྱ་འདོད་ཀྱི་ཀུན་སློང་གིས་འདེད་ནས་སྒོར་མོ་ཞིག་བཙལ་ནས་དེ་རྗེས་སུ་བདེ་སྐྱིད་ཞིག་ལ་རེ་བ་དེ་བས་ཆེན་པོ་ཡོད་པ་སྨོས་མེད་རེད།   གཞན་རྒྱལ་ཁབ་སློབ་གྲྭ་འགྲོ་མཁན་གྱི་བོད་རིགས་ཕྲུ་གུ་དེ་ཚོ་ལ་ཡང་ཁྱིམ་ཚང་གིས་རེ་བའི་དམིགས་ཡུལ་ཆེ་ཐག་ཆོད་ཞིག་འཕེན་བཞིན་ཡོད་རེད་ག་རེ་ཟེར་ན་སློབ་ཐོན་གྱི་རྗེས་སུ་ཁོ་ཚོ་སོ་སོའི་འཚོ་བ་ཐབས་ལམ་ལ་ཐག་ཆོད་ངེས་ཅན་ཞིག་དང་མ་འོངས་ཁྱིམ་ཚང་ལ་ཡང་སྒོར་མོའི་མཐུན་རྐྱེན་གྱི་རེ་བའི་ཡོང་སྒོ་ཆེ་ཐག་ཆོད་ཞིག་ལ་ཁྱིམ་ཚང་གིས་ཁ་གནམ་ས་ཙམ་གདངས་ནས་སློབ་ཕྲུག་དེ་ཚོ་ལ་རྒྱུན་ལྡན་ཁྱིམ་ཚང་གིས་སྒོར་མོ་ཚོད་མེད་དུ་གཏོང་ནས་ཁོ་ཚོ་སློབ་གྲྭ་ལ་མངག་བཞིན་པ་མངོན་གསལ་རེད་སློབ་ཕྲུག་ཁོ་ཚོ་ནི་ཁྱིམ་ཚང་ཕལ་གྱིས་མཐོང་ཆེན་གལ་ཆེན་གྱི་མི་སྣ་ཞིག་ལ་བརྩི་བཞིན་ཡོད་རེད།  བོད་ཀྱི་གྲྭ་གཞོན་བཤད་སྒྲུབ་སློབ་གཉེར་བ་འདི་ཚོ་ལ་ཁྱིམ་ཚང་མང་ཆེ་བས་ཟླ་རེ་དང་ལོ་རེ་ངེས་ཅན་དུ་སྒོར་མོ་བསྐུར་ནས་མཐོང་ཆེན་འཛིན་གི་ཡོད་མ་རེད་ཁྱིམ་ཚང་གིས་མཐོང་ཆེན་མི་འཛིན་པའི་རྒྱུ་མཚན་ཡོད་རེད། མ་འོངས་མྱི་ལོ་བཅུ་ཕྲག་ལྷག་ལ་ཉིན་ལ་མི་དང་མཚན་ལ་ཁྱི་ཟེར་བའི་དཔེ་ལྟར་མདོ་སྔགས་སེམས་གསུམ་གྱི་གཞུང་ལ་བརྩོན་པའི་ཚེགས་དང་དཀའ་བའི་ཚགས་མི་དམན་པ་ཞིག་བྱ་ནས་སློབ་ཐོན་འདྲ་བྱུང་ཡང་ཁྱིམ་ཚང་ལ་སྒོར་མོའི་མཐུན་རྐྱེན་དང་མཚན་སྙན་གྱི་ཐོབ་གོ་ས་སོགས་ཀྱི་སྒོ་ནས་ཕན་ཐོག་གང་ཡང་མེད་པར་སྙམ་གྱིན་ཡོད་རེད། བཤད་སྒྲུབ་སློབ་གཉེར་བ་དེ་ཚོའི་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྒོར་མོ་སོགས་ཀྱིས་མཐུན་རྐྱེན་གནང་མཁན་དེ་ཉུང་ཐག་ཆོད་པ་ཞིག་རེད། བཤད་སྒྲུབ་སློབ་གཉེར་བའི་གྲྭ་རྐྱང་ཅག་ནི་སྒོར་མོའི་ཡོང་འབབས་བཙལ་ནས་འགྲོ་དགོས་ན་སློབ་ཚན་འཚོགས་དུས་ཀྱི་སྒྲིག་དབང་གིས་དུས་ཚོད་ཀྱི་ཁོམ་ལྕོགས་བར་ཙམ་མེད་པ་མངོན་གསལ་རེད། གུང་གསེང་སྐབས་སོགས་ལ་སྒོར་མོ་ཕྲན་བུ་ཡོང་འབབ་ཡོད་པ་ཡིན་ནའང་དེ་ཚོ་མཆེད་གྲོགས་ཕན་ཚུན་བར་མཉམ་ཟ་མཉམ་འཐུང་བྱེད་ནས་མགྱོགས་མྱུར་ཟད་འགྲོ་གི་ཡོད་རེད། བཤད་སྒྲུབ་སློབ་གཉེར་བ་ཕལ་ཆེ་བ་ལ་སྒོར་མོ་མེད་བསམ་པའི་སྡུག་བསྔལ་དེ་ཡོད་མ་རེད་ཁོང་རྣམ་པ་སེམས་པ་སྐྱིད་སྣང་ཡག་པོ་ཡོད་རེད་གཅིག་ནས་བཀའ་དྲིན་བླ་ན་མེད་པའི་དགོན་སྡེའི་སྒྲིག་ཟས་སྒྲིག་ཆུ་དེས་གྲྭ་རྐྱང་གི་ལྟོ་ཆུང་འབུར་བར་བྱེད་ནས་འཚོ་ཐུབ་ཀྱིན་ཡོད་རེད།  གཉིས་ནས་ཁོང་རྣམ་པར་སྔ་དགོང་བར་གསུམ་ཧ་ལམ་ཉིན་མཚན་དུས་དྲུག་ལ་དཔེ་ལྟ་དང་དཔེ་ཀློག་ལ་ཐུགས་གཡེང་ནས་བཞུགས་བཞིན་ཡོད་རེད་ཁོང་རྣམ་པ་ཕྱི་ལུས་དཔལ་འབྱོར་གྱིས་མ་ཕྱུག་ཀྱང་ནང་སེམས་ཤེས་རིག་གིས་ཚོན་པོ་མཛད་ནས་བློ་སེམས་སྐྱིད་པོར་བཞུགས་བཞིན་པ་ང་ཚོ་ཚང་མས་མངོན་གསལ་ཞིག་རེད། གྲྭ་གཞོན་སློབ་གཉེར་བ་ཁ་ཤས་ལ་ལོ་གྲངས་དང་ཟླ་གྲངས་རིང་ལ་ཁྱིམ་ཚང་དང་གཉེན་ཉེ་སོགས་ནས་སྒོར་མོའི་མཐུན་རྐྱེན་གནང་མཁན་མེད་པས་ཡུན་རིང་པོར་སྒོར་ཁུག་སྟོང་པར་གྱུར་ཀྱང་དགེ་སྦྱོར་བ་ལ་དགོས་པའི་འདོད་ཆུང་ཆོག་ཤེས་ཀྱི་ལམ་ཁར་བློ་སེམས་བརྟན་པོ་མཛད་ནས་སློབ་སྦྱོང་ལ་བརྩོན་པ་ཆུ་བཞིའི་རྒྱུན་ལས་རིང་བར་མཛད་མཁན་ཤེས་ཡོན་གྱིས་ཕྱུག་པའི་བཤད་སྒྲུབ་སློབ་གཉེར་བ་བསམ་གྱིས་མི་ཁྱབ་པ་ཡོད་རེད་ང་ཚོའི་སློབ་གླིང་ནང་ལ་ཡོད་རེད་ལ་གཞན་པ་ཚོ་ལ་ཡོད་ངེས་རེད།  ང་རང་སློབ་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་ལ་བརྟགས་ཞིབ་བྱས་ན་སྤྱིར་དགོན་པའི་བཀའ་དྲིན་བླ་ན་མེད་པའི་སྒྲིག་ཟས་དྲིན་ཅན་དང་ཁྱིམ་ཚང་གིས་ཀྱང་རྒྱུན་ལྡན་སྒོར་མོ་དང་ཁ་ཟས་སྡོད་ཤག་གི་མཐུན་རྐྱེན་གང་འཚམས་ཡོད་སྡད་པ་ཞིག་ཡིན་ཀྱང་མྱི་ལོ་མང་པོ་ཞིག་ལ་ཆུ་ཚོད་དུས་ཚོད་ཉི་མ་གཅིག་ནང་བཞིན་གཉུག་རིང་པོར་བྱེད་དགོས་པས་བཤད་སྒྲུབ་སློབ་གཉེར་བ་ཚོ་ལ་དཀའ་ངལ་ཡོད་སྣང་ཤར་ཐེས་ཡིན་ནའང་སྒོར་མོ་མེད་བསམ་པའི་སྡུག་བསྔལ་དེ་རྩ་བ་ཉིད་ནས་མེད་ཁྱིམ་ཚང་གིས་གནང་བའི་སྒོར་མོ་སོགས་ཁ་པར་ནང་བླུགས་ཡ་དང་རང་གི་ཁྲུས་ཆས་དང་ཅ་ལག་མཁོ་སོག་ཉོ་ཡ་ལ་སེར་སྣ་ཡང་ཆེན་པོ་མེད་ལ་ད་དུང་སྒོར་མོ་མང་པོ་ཞིག་དགོས་བསམ་པའི་སྡུག་བསྔལ་ཡང་དེ་བས་ཀྱང་མེད།  མ་འོངས་པ་ལ་ཡང་དཔེ་ལྟ་དང་དཔེ་ཀློག་གི་འོག་ནས་མི་ཚེ་གྲྭ་རྐྱང་མི་རྐྱང་གི་འཚོ་བ་ཙམ་མ་གཏོགས་སྒོར་མོ་དང་དཔལ་འབྱོར་གྱིས་རྒྱས་སྤྲོས་བྱ་དགོས་སྙམ་པའི་བློ་སྤོབ་མེད། སློབ་གཉེར་བ་ཚོ་ལ་མཚོན་ན་བརྒྱུད་རིམ་ཁྲོད་དུ་སྒོར་མོ་ཙམ་མ་ཡིན་པ་དཀའ་ལས་ཧ་ལས་ཡ་ཡོད་རེད་གཞན་གྱིས་བལྟས་ན་བདུན་ཕྲག་ངལ་གསོ་དང་དབྱར་གནང་རྒུན་གནང་སོགས་འགའ་འདུག་ཉི་མ་རེ་ལ་ཡང་འཆད་ཐུན་དང་རྩོད་ཐུན་སྒོམ་ཐུན་སོགས་ཀྱི་བར་དུ་ངལ་གསོ་ཅུང་ཙམ་ཡོད་གསལ་རེད། དེ་བས་ཕྱིར་ན་དཀའ་ལས་ཆེན་པོ་མེད་སྣང་རློམ་མཁན་ཡོད་སྲིད་ཀྱང་མི་སུ་ཡིན་རུང་ལས་ཀ་སྣ་གཅིག་ལ་མྱི་ལོ་མང་པོ་ཞིག་ལ་ཉི་མ་གཅིག་ལྟར་ཆད་མེད་ཀྱི་སྒྲིག་ལ་འབད་འབུང་བྱེད་དགོས་ན་དཀའ་ལས་ཚོད་མེད་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད།  ང་རང་གིས་ཚོད་དཔག་བྱ་ཡོང་དུས་སློབ་གཉེར་བའི་རིགས་ལ་ཆོས་ཁྲིམས་དང་སྲིད་ཁྲིམས་གཞུང་ལས་ཞབས་ཞུ་སོགས་སྦྱང་བྱ་ཅི་རིགས་པ་ལ་སློབ་གཉེར་བྱེད་མཁན་ཡོད་རེད་ཀྱང་དུས་རྒྱུན་སློབ་སྦྱོང་ལ་བློ་སེམས་རྩེ་གཅིག་ཏུ་གཏད་ཐུབ་པ་ལ་བཤད་སྒྲུབ་སློབ་གཉེར་བ་འདི་ཚོ་ལ་ཧ་ལས་ཡ་བརྩོན་འགྲུས་དང་འབད་པ་ཡོད་རེད་བསམ་གྱིན་ཡོད་དེང་སང་འཛམ་གླིང་ལ་སྐད་གྲགས་ཆེ་ཤོས་ཡོངས་སུ་གྲགས་པ་ཧ་ཧྥུ་སློབ་ཆེན་ཟེར་བ་གཅིག་ཡོད་སྐད་འདུག་དེ་ཚོ་ལས་བསྡུར་ན་སློབ་སྦྱང་ལ་འབད་བརྩོན་སུ་ཆེ་མིན་གནས་སྐབས་ཁ་སྤོབ་ཀྱིས་ཞོག་མ་བྱུང་།  
དེ་ལས་གཞན་དེང་སང་སྤྱི་ཚོགས་སློབ་གྲྭ་ཆེ་འབྲིང་གི་སློབ་མ་ལ་བསྡུར་ན་བཤད་སྒྲུབ་སློབ་གཉེར་བ་འདི་ཚོ་སློབ་སྦྱོང་གི་འབད་བརྩོན་ཨང་དང་པོ་དང་གཉིས་པའི་བར་དུ་སླེབས་པའི་ཧུར་བརྩོན་མངོན་སུམ་དུ་མཐོང་གིན་འདུག ང་རང་སློབ་སྦྱོང་བྱ་སའི་ཁོར་ཡུག་ཁྱུང་པོ་སྟེང་ཆེན་དགོན་གྱི་སློབ་གླིང་འདིར་རེད་སློབ་གླིང་འདི་ཡི་བཤད་གྲྭའི་སློབ་གཉེར་བ་མང་པོ་ཞིག་ལ་ཆ་མཚོན་ན་ཞོགས་པ་པེ་ཅིང་ཆུ་ཚོད་/༥/༦/གང་རུང་ཐོག་ཏུ་ཡར་བཞེངས་དཔེ་ཆ་བློ་འཛིན་བྱེད་ནས་འཁོར་དུས་༧/༣༠་ཐོག་སློབ་ཚན་འཚོགས་ལ་མ་རན་བར་དུ་ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་དཔེ་ཆ་ལ་ཤུགས་གཏད་ཆུ་ཚོད་༧/༣༠་ནས་འཁོར་དུས་༨/༣༠/བར་ཞོགས་ཇ་གསོལ་བ་དང་ཚོགས་འདོན་གསུང་རྒྱུ་་གྲུབ་པར་མཛད་འཁོར་དུས་༨/༣༠/ནས/༡༠/བར་དུ་མི་གཉིས་རེ་འཆད་ར་ནང་རྩོད་སྦྱོང་མཛད་རྩོད་སྦྱོང་བྱེད་སྐབས་ཀྱང་ཕན་ཚུན་རྩེད་མོ་དང་ཧ་བགད་དོན་མེད་གཡེང་བ་ཡོད་ཚད་སྤང་ནས་དུས་ཚོད་ཏག་ཏག་མ་ཟིན་བར་དུ་ཉིན་རྟག་ཏུ་ཐལ་ངག་གི་རྩོད་པ་ནན་པོ་བྱེད་པ་དང་དགེ་སྐོས་དང་ཚོགས་གཙོ་སོགས་འགན་འཛིན་མི་སྣས་སྤྱན་གཟིགས་འོག་ནས་འཆད་ར་ནང་རྩོད་སྦྱོང་བྱེད་པའི་དུས་ཡུན་ལ་སྐུལ་འདེད་ཚ་མོ་གནང་གིན་ཡོད་རེད་འཁོར་དུས/༡༠/ནས་/༡༢/མ་ཟིན་བར་དུ་བཤད་སྒྲུབ་མཁན་སློབ་རྣམ་པ་གཙོས་དགེ་རྒན་སོ་སོའི་དྲུང་དུ་གཞུང་ཁྲིད་དང་ཟུར་ཁྲིད་ཀྱི་སློབ་ཐུན་ལ་སྐར་ཆ་དང་ཡུད་མ་འཆུག་པར་གསན་གནང་ཞུ།  འཁོར་དུས་/༡༢/ནས་/༡/བར་འཛིན་རིམ་འོག་མ་ཚོས་ཤག་ནང་དུ་དཔེ་ཆ་ནང་སྦྱོང་བྱེད་རྒྱུ་དང་འཛིན་རིམ་གོང་མ་ཁག་གཅིག་དང་མཁན་སློབ་རྣམ་པས་འཁོར་དུས་/༡/མ་ཟིན་བར་དུ་སློབ་ཁྲིད་ཆགས་མེད་གནང་དགོས།  འཁོར་དུས་/༡/ནས་དྲོ་ཟས་མཆོད་རྒྱུ་དང་དེ་མ་ཐག་ནས་བདུན་ཕྲག་གི་ཉིན་དང་པོ་ཡིན་ན་བདུན་ཕྲག་གི་བགྲོ་གླེང་ལ་གསན་བཞེས་མཛད་དགོས་དེ་རྗེས་འཚོགས་གྲོལ་ནས་ཡོན་རྒྱག་ཚན་ཁག་སོ་སོ་བའི་ཚོགས་དཔོན་གྱིས་བཀའ་མངག་བཞིན་གང་བབ་ཀྱི་ཡོན་རྒྱག་བཅའ་འདོན་བྱེད་པའི་ལས་ཀ་གྲུབ་ནས་སོ་སོ་རང་ཤག་ཏུ་ཆས་དགོས་རྒྱུ་འཁོར་དུས་/༡/༣༠/ནས་༣/བར་སོ་སོའི་སྐབས་བབ་ཀྱི་རིག་གནས་སྦྱང་བྱ་གང་ཡིན་པའི་དཔེར་བརྗོད་སོགས་དགེན་གྱི་མདུན་དུ་ཁྱེར་གྲབས་བཟོ་ནས་འཁོར་དུས/༣/༣༠/་ཐོག་སོ་སོའི་རིག་གནས་དགེན་དྲུང་དཔེ་ཁྲིད་ཉིན་རེ་བཞིན་ཆགས་མེད་དུ་འགྲོ་དགོས་འཁོར་དུས/༤/༣༠/ཚུན་ལ་རིག་གནས་དཔེ་ཁྲིད་ཞུ་འཁོར་དུས་/༤/༣༠/འཁོར་དུས་/༥/བར་ཤག་ནང་དུ་ད་ནངས་ཀྱི་སློབ་ཁྲིད་དང་ཕྱི་དྲོའི་འཆད་ར་རྩོད་སྦྱོང་སོགས་ལ་འབད་ཐབས་བཙལ་འཁོར་དུས་/༥/ནས་/༦/༣༠/བར་དུ་འཆད་ར་རྩོད་སྦྱོང་གོང་བཞིན་མཛད་དགོས་/༦/༣༠/ནས་/༧/བར་སྨོན་ལམ་དང་བདུད་བཟློག་གསུང་ནས་དགོང་ཐུག་ལ་རོལ་རྗེས་འཚོགས་གྲོལ་འཁོར་དུས་/༧/ནས་མཚན་མོ་འཁོར་དུས་/༡༡/ཚུན་ཆད་ལ་སོ་སོས་དཔེ་ལྟ་དང་བློ་འཛིན་ལ་འབད་འབུང་ལྷོད་མེད་བྱེད་བཞིན་ཡོད་རེད་བརྩོན་འགྲུས་ལ་ཞུམ་པ་མེད་པའི་སློབ་གཉེར་བ་མང་པོ་ཞིག་གིས་མཚན་མོ་ཆུ་ཚོད་/༡༢/དང་/༡/བར་ལ་ཡང་ཚོགས་ཁང་དང་འཆམ་རའི་ཉེ་འགྲམ་དུ་དཔེ་ཆ་བློ་འཛིན་ལ་འུར་དིར་དིར་མཛད་མཁན་གྱི་སློབ་གཉེར་བ་མང་པོ་ཡོད་པ་ཚང་མས་ཤེས་གསལ་རེད།  གོང་གསལ་ཉིན་གཅིག་གི་འགོ་མཇུག་གི་སློབ་དུས་ཀྱི་ཆུ་ཚོད་དེ་ནང་བཞིན་མི་ལོ་བཅུ་གཉིས་བཅུ་གསུམ་ལ་བཤད་སྒྲུབ་སློབ་གཉེར་བ་ཚོས་འབད་བརྩོན་ལྷོད་མེད་དུ་གནང་བཞིན་ཡོད་རེད་ལ་དགོས་ངེས་རེད་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཆེད་དང་ཡང་སྒོས་སོ་སོའི་སློབ་དགོན་གྱི་བསྟན་པ་དང་རང་རང་སོ་སོའི་ཆེད་དུ་ཡིན་པ་སློབ་གཉེར་བ་ཚང་མས་ཤེས་བཞིན་ཡོད་རེད་ལ་ཤེས་དགོས་ངེས་རེད་མ་གཏོགས་སུ་གཅིག་ལ་འུད་བཤད་ས་ཡོད་མ་རེད་ལ་གཙོ་བོ་མི་སོ་སོ་བའི་འདི་ཕྱི་གཉིས་ཀྱི་དོན་དག་རེད།  ༢༠༡༧/༧/༣༡/ཉིན་གཤེན་གྱི་དཀའ་ཐུབ་འཚོགས་པའི་བར་གསེང་དུ་ཁྱུང་བསོད་བློ་ནས་མགྱོགས་བྲིས་བྱས།  



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།