༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > སློབ་གསོ། > 1 སྤྱི་ཚོགས་སློབ་གསོ།
1 སྤྱི་ཚོགས་སློབ་གསོ།
སྨྲ་དབང་ཡོངས་འཛིན་བླ་མའི་ཞལ་གདམས་སྙིང་རྗེའི་སྤྱན་ཆབ།
[ཟླ་ཚེས།:2017-07-03] [གཟིགས་ཐེངས:]

                         1499020069626857.gif       

                  སྨྲ་དབང་ཡོངས་འཛིན་བླ་མའི་ཞལ་གདམས་སྙིང་རྗེའི་སྤྱན་ཆབ།
                         

                          རྩོམ་ཡོང་ཁུངས་མེ་ལོང་ཡེ་ཤེས་དྲྭ་བ།

དེང་སང་གི་སྐབས་སུ་རང་རེ་བོན་ལ་སྤྱོད་པ་རྣམས་བསོད་ནམས་ཀྱི་བསགས་པ་ཞན་པས་སྙིགས་མའི་རང་རྟགས་ཀྱི་རྐྱེན་ངན་དུ་མ་དང་འཕྲད། བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་ཚང་བ་མཇལ་བ་ནི་དཀའ། གལ་སྲིད་མཇལ་ཡང་དེའི་གསུང་ལ་འབད་དེ་མཉན་པའི་བརྩོན་པ་ནི་ཤིན་ཏུ་ཆུང་། ཡུལ་དུས་ཀྱི་དགེ་སྐལ་སྔོན་འགྲོ་འབུམ་དགུའི་གྲངས་ཁ་ཚང་བ་བསག་རྒྱུ་དང་། དངོས་གཞི་ངོ་སྤྲོད་དུ་མོས་ཏེ་སེམས་ཞེས་དྲན་རིག་ཁྱུག་ཁྱུག་པ་དེའི་ངོ་ལ་བལྟ་བ་དང་། འཕོ་བ་སྤར་བའི་རྟགས་ཚད་སྐྲ་མིག་ཏུ་རྩྭ་བཙུགས་པ་དང་། རྩ་རླུང་ལ་རློམ་སྟེ་ཞག་བརྒྱ་ཙམ་ལ་གཟུགས་སྦྱང་དང་དབུགས་སྦྱང་ལ་འབད་པ་བྱས་པའི་མཐར། གཞན་གྱིས་ཀྱང་ཁོང་གིས་རྩ་རླུང་ཞག་བརྒྱ་སྦྱངས་པ་མཐར་ཕྱིན་རེད་ཟེར་ནས་གུས་འདུད་བྱེད། རང་གིས་ཀྱང་ངས་རྩ་རླུང་སྦྱངས་ཟིན་ཟེར་ནས་སྒོམ་ཐག་གིས་རྒྱན་ཆ་བྱས། ཁེངས་པ་ཡང་རྒྱས། འདི་འདྲའི་འགྲོ་འདྲེན་གྱི་བླ་མའི་དོན་ལ་རེ་བ་ཆེན་པོ་བྱེད་པའི་ལུགས་སྲོལ་ཆགས། རང་གི་རྒྱུད་ཀྱི་བདེན་འཛིན་གྱི་མ་རིག་པ་བཅོམ་པའི་གཉེན་པོ་བཙལ་བའི་སྒོ་ཐོས་བསམ་སྒོམ་པ་ལ་འབད་པ་ནི་ཉུང་། གལ་སྲིད་ཉིན་སྐར་ཙམ་བྱུང་ཡང་ཁྱེད་ལོ་མང་དེ་ཙམ་ལ་ཅི་སྦྱངས། དོན་མེད་དུས་འདས་ཁྱོད་སྙིང་རྗེ། དེ་ལས་དེང་དུས་ཀྱི་སློབ་གྲྭར་ཕྱིན་ན་ལས་ཀ་ཐོབ། ཁྱོད་རང་མནའ་མ་སྙིང་རྗེ་པོ་གང་འདོད་དང་མཉམ་དུ་མི་ཚེ་བསྐྱལ། ཟས་གོས་གཏམ་གསུམ་སྡོད་ཁང་བཅས་བཟང་། འཕྲུལ་འཁོར་གྱི་བདག་པོ་ཡང་འགྱུར་ཟེར་ནས་གྲོགས་པོ་ཚོས་བློ་བསླབས། དེའི་གྲོས་ལ་ཕལ་ཆེར་འདུ། འདི་ལྟ་བུ་ཡུལ་དུས་སུ་རང་གི་བརྩེ་བས་རྗེས་སུ་བཟུང་སྟེ་སངས་རྒྱས་ཀྱི་བསྟན་པའི་གཞི་བློ་ལྡོག་དང་། སྐྱབས་འགྲོ། སེམས་བསྐྱེད། བཤགས་སྦྱང་གི་གཞི་བཟུང་སྟེ་གདམས་ཀྱང་ཉན་པ་ནི་ཉུང་། དེས་ན་སངས་རྒྱས་ཀྱི་བསྟན་པ་ནི་མིང་ཙམ་དང་རྟགས་ཙམ་ལས་ཇེ་ནུབ་ཏུ་འགྲོ་བའི་ཚུལ་ལ་བསམ་ན་སྙིང་ནས་མི་བཟོད་པའི་ཚོར་བ་སྐྱེ་བའི་རྒྱུ་རུ་གྱུར།

མ་རྒྱུད་ཡེ་ཤེས་ཐིག་ལེའི་མཆན་འགྲེལ་ལས་ཁྱུང་ཁྲི་ལྡེས་ཟུར་དུ་ཕྱུངས།
 



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།