༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
བསྟན་པའི་སྒྲོན་མེ་ཡོངས་འཛིན་སྨྲ་བའི་སེང་།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-29] [རྩོམ་པ་པོ།:གངས་དཀར་ཤེས་རབ།] [གཟིགས་ཐེངས:]


NRIF[UK3RPDS]BU]5(7Y19C.jpg

བྲག་དམར་མེ་རི་རྫོང་གི་གཡས་ཟུར་ནུབ་ཀྱི་ཐད།།
ཁྱུང་ཡུལ་ཁོངས་གཏོཊ་ཁམས་ཉིན་ཞེས་པའི་ལྷ་སྡེ་རུ།།
ཡབ་ལ་དྲེ་བོ་དཔག་བསམ་ཟེར་ཞིང་གཞུང་དྲང་ཞིག།
ཡུམ་ལ་ལྡོང་མདོ་ག་ཆུང་འབོད་ཅིང་སྲས་སུ་བཞེས།།

ཡབ་ལ་སྙུང་གཞི་རབ་ཏུ་ལྗིད་ནས་གཤེཊ་སྒྲོས་འདུག།
ཡུམ་ནི་སླར་ཡང་རང་ཡུལ་ཕེབས་སྟེ་དེ་གར་བཞུཊ།།
སྐབས་དེར་སྨྲ་དབང་བླ་མའི་མཚན་ལ་འཆི་དྲུང་ཞེས།།
དྲེ་བོ་ཚང་གི་རྫི་བོ་བགྱིས་ནས་ལོ་མང་འབྱོན།།

ངག་རྒྱུན་རྣམ་ཐར་བཅས་ལ་བལྟས་ན་འདི་ལྟར་གསུང་།།
དམར་སེར་ན་བཟའ་ཀླུབས་པའི་ཇོ་མོ་ཞིག་གིས་ནི།།
ལོ་བདུན་གཟིཊ་སྐྱོང་ཚད་མེད་གནང་ནས་དེ་རྗེས་གཤེཊ།།
ཁོང་དང་ཨ་ཞང་སོཊ་ཀྱིས་གང་དེའི་ཕུང་པོ་དེ།།

གཡུང་དྲུང་དཔལ་གྱི་རི་ལ་སྐྱེལ་ནས་ཨ་ཞང་ལྷན།།
བཟོད་པ་ལ་སོཊ་ཞལ་སྔར་གཏུགས་ནས་ཁོང་ཉིད་ལ།།
རབ་སྡོམ་ཞུ་ཡིས་སྐུལ་མ་བཏང་ནས་དེ་ལྟར་མཛད།།
དེ་ནས་རིམ་བཞིན་རང་ཡུལ་ཕྱོཊ་ལ་ཕེབས་ནས་བཞུཊ།།

སྟེང་དགོན་དྲེ་བོ་དབུ་མཛད་ཆེན་མོ་ཁོང་ཉིད་མདུན།།
ཡི་གེ་འབྲི་ཀློག་ཚུལ་བཞིན་བསླབ་ནས་བཞུཊ་མཛད་ཅིང་།།
དྲེ་བོ་དབུ་མཛད་སྐུ་ཚེ་ཧྲིལ་པོར་མ་བསྟེན་གཤེགས།།
དེ་རྗེས་ཨ་ཞང་ལྡོང་མདོ་གཡང་འཕེལ་ཁོང་མདུན་བཞུཊ།།

ལྷ་འབྲི་མཁས་ཤིང་དགོན་ཁག་མང་པོར་མཉམ་དུ་འབྱོན།།
རི་ཁྲོད་དགོན་གྱི་འཚོཊ་ཁང་ཆེན་མོ་གསར་བཞེངས་སྐབས།།
གྱང་ངོས་ལྷ་གཟུགས་ཇི་བཞིན་བྲི་བའི་ལྷན་དུ་ཕེབས།།
སྐབས་དེར་རི་ཁྲོད་རྩ་བླ་ཞིག་གིས་ཁོང་ཉིད་བཅས།།

བོན་དགོན་ལོ་རྒྱུས་མང་པོ་གསུངས་ཤིང་ལྷག་དོན་ཁོང་།།
རྒྱལ་བལ་གནས་ལ་བོན་དགོན་དར་བའི་བཀའ་སློབ་སྩལ།།
དེ་ནས་རིམ་བཞིན་གཡུང་དྲུང་དཔལ་དགོན་རི་དེར་འབྱོན།།
སྔར་བཞིན་བགྱིས་ནས་དེ་གར་བཞུཊ་དུས་དགོན་དེ་ཡི།།

གྲུབ་ཆེན་བཟོད་པ་མཇལ་བསྐྱར་ཞུས་ནས་ཁོང་ཉིད་ལ།།
ཞོཊ་པ་རྟག་ཏུ་སྐུ་ཁྲུས་གསོལ་ཞིང་བསྟན་བདག་གསུང་།།
རིམ་བཞིན་དེ་ཚོར་མཉམ་དུ་གྲྭ་སར་ཕེབས་མཛད་ཅིང་།།
སྐམ་པ་ཆུས་གདུང་ཟེར་བ་བཞིན་དུ་ཁོང་ཉིད་ཀྱིས།།

ཡོན་ཏན་རྒྱ་མཚོའི་བདུན་ནས་ཁོང་ཉིད་རྟཊ་རིཊ་ལ།།
མཁས་པར་བསླབ་ནས་མ་ཡུམ་མཆོག་ལ་ཁ་འདོན་དེ།།
སྐུར་ནས་བདག་ནི་རང་དོན་མ་འགྲུབ་བར་དུ་ལ།།
བསླེབ་རྒྱུ་མིན་ཞེས་དམ་བཅའ་བཞག་ནས་དེ་གར་བཞུཊ།།

ཡོངས་འཛིན་ཚུལ་རྒྱན་གཙོས་པའི་མཁས་གྲུབ་དུ་མ་གཅར།།
བརྡ་དག་སྙན་གསུམ་ཀུན་ལ་ནང་བྱན་ཆུབ་པར་མཛད།།
བདག་ཉིད་ཆེན་པོའི་གདན་ས་ཕེབས་ནས་བཤད་སྡེར་ཞུཊ།།
སྨྲ་དབང་ཡོངས་འཛིན་སངས་རྒྱས་བསྟེན་ནས་འཆད་ཉན་སྤྲོ།།

ལོ་རབས་དུ་མར་གྲྭ་སའི་སྒྲིག་ལམ་ཇི་བཞིན་བཀུར།།
རྣམ་དཔྱོད་ཅན་གྱི་མཁས་གྲུབ་པ་ཞིག་གྱུར་མཛད་པ།།
དགེ་བའི་བཤེས་ཀྱི་སྐལ་བཟང་ཐོབ་ནས་གྲཊ་པ་འབར།།
སྨན་རིའི་མཁན་ཆེན་ཉི་མ་དབང་རྒྱལ་ཁྲི་ཟུར་དུ།།

པང་ནས་བཞག་ཅིང་རེ་བཅོལ་ཞུ་སའི་བླ་ཞིག་ཆགས།།
ལས་དབང་ཤིག་གི་བལྟས་ངན་འཆར་ཏེ་གནས་དེ་ནས།།
ཡོངས་འཛིན་ལ་སོགས་དུ་མ་ལྷན་དུ་འཕཊ་པའི་ཡུལ།།
ཕེབས་ནས་ཡུལ་དེར་སྒྲིག་སྲོལ་བཀུར་ནས་བཞུཊ་བཞིན་ཡོད།།

མི་རིང་དུས་བཟང་ཞིག་ལ་བསྟུན་ནས་དགོན་ཞིག་བཏབས།།
མཚན་ལ་ཐོབ་རྒྱལ་གསར་པ་སྨན་རི་དགོན་ཞེས་ཕུལ།།
གཅིག་སྟོང་དགུ་བརྒྱ་དོན་དགུ་ལོ་ལ་བཤད་སྒྲུབ་དབུ།།
བརྙེས་ནས་སྔར་བཞིན་བསྟན་པའི་མེ་རོ་མངོན་དུ་སྤར།།

ཀུན་མཁྱེན་བསྡུས་གྲྭ་མ་སླེབ་དབར་དུ་ཁོང་ཉིད་ཀྱིས།།
བསྡུས་གྲྭའི་ངོས་འཛིན་བློ་གསལ་འཇུག་སྒོ་གསར་དུ་མཛད།།
དེ་ནས་སྐབས་སུ་བབ་པའི་སློབ་གཉེར་གང་མཆིས་པ།།
ཕན་ཕྱིར་མདོ་སྔཊ་སེམས་གསུམ་གཞུང་ལུཊ་མང་པོ་བྲིས།།

རྗེ་ཡི་འཕྲུལ་སྒྲོན་རྣམ་ལྔ་ཇི་བཞིན་འཆད་འཁྲིད་དང་།།
སྟོན་པའི་ཐེག་འགྲེལ་གཙོས་པའི་གཞུང་ལུཊ་ཀུན་ལ་མཁས།།
སྨན་རིའི་ཁྲི་འཛིན་སོ་གསུམ་ཁྲི་སྐོས་མངའ་གསོལ་ནས།།
ཐེངས་ཀྱང་དང་པོའི་དགེ་བཤེས་མཛད་སྒོ་ལེགས་གྲུབ་བྱུང་།།

ཞོར་དུ་རང་ཡུལ་ཞབས་སོར་འཁོད་ནས་ཡུམ་དང་འཕྲད།།
དགོན་ཁག་དུ་མར་བསྟན་པའི་མེ་རོ་སྔར་ལྟར་སྤར།།
ལྷག་ཏུ་མ་ཡུམ་སློབ་གླིང་ཆེན་མོ་སྟེང་དགོན་དུ།།
ཉེར་དྲུག་བླ་རབས་ཤེས་རབ་དགེ་ལེཊ་གསར་དུ་སྐོས།།

འཕཊ་པའི་ཡུལ་ལ་སྔར་ལྟར་ཞབས་སོར་འཁོད་ནས་བཟུང་།།
འཆད་རྩོད་རྩོམ་པའི་འཁོར་ལོ་སྐོར་ནས་རབ་ཏུ་བརྗིད།།
དགོན་དེར་སློབ་དཔོན་འཕྲིན་ཉི་སྐོས་ཤིང་ཞལ་བཀོད་གནང་།།
རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་དང་ཞལ་གྲོས་བཞིན།།

བལ་པོའི་ཡུལ་ལ་བོན་བསྟན་དར་བའི་ལོ་རྒྱུས་ལྟར།།
ཁྲི་བརྟན་ནོར་རྩེ་ཞེས་པའི་མཚན་སྙན་དགུང་དུ་བསྒྲེང་།།
བཤད་སྒྲུབ་སྒོམ་གསུམ་སྔར་ལྟར་བརྙེས་ཤིང་དར་མཛད་ཅིང་།།
དགོས་པ་དུ་མའི་རྐྱེན་གྱིས་སྐུལ་ཏེ་ཡབ་ཡུལ་དུ།།

ཞབས་སོར་བདེ་བར་འཁོད་པ་ནས་བཟུང་བོན་འཁོར་སྐོར།།
རྒྱལ་བའི་བཀའ་ལུང་གང་འདོད་གནང་ཞིང་བོན་ཁྲིད་མཛད།།
ཕྱི་ནང་གསང་གསུམ་ཀུན་ལ་མཛད་རྒྱས་རབ་ཏུ་ཆེ།།
འགའ་ལ་བཀུར་ཞིང་རེ་ལ་སྨད་པའི་གཤིས་ངན་དབེན།།

དབེན་གྱི་གནས་རི་དུ་མར་ཕེབས་ནས་སྒོམ་སྒྲུབ་བྱས།།
དྭང་རའི་ཡུལ་གྱི་གནས་འགའ་འབྱོན་པའི་བཞུཊ་ཤུལ་འདུག།
རྒྱལ་བའི་བཀའ་འགྱུར་པར་དུ་བསྐྲུན་པའི་ཐབས་ལམ་སྩལ།།
གསོ་རིག་གཞུང་ནས་འགའ་ལ་ཁྲིད་ལུང་སྟེར་སྒྲོས་མཆིས།།

ད་ཆར་སྨན་དགོན་བཤེས་གཉེན་བརྒྱ་ཕྲག་ལྷག་བཞེངས་ཟིན།།
ཁྲི་བརྟན་ནོར་རྩེར་དེ་བཞིན་བཤེས་གཉེན་བཅུ་ཕྲག་བརྒལ།།
གཤེན་བསྟན་དར་རྒྱས་གླིང་ཞེས་མཚན་སྙན་ཁྱབ་པར་མཛད།།
རྒྱལ་གཤེན་བོན་བསྟན་རིས་མེད་དར་བ་ཁྱེད་དྲིན་དངོས།།

སྲིད་གསུམ་ཀུན་ཏུ་གྲགས་པའི་གངས་རིའི་ཚིག་མཛོད་དང་།།
རྒྱལ་བ་གཉིས་པའི་རྒྱལ་ཚབ་ངོ་མ་ཁྱེད་ཉིད་འཕགས།།
དགུང་ལོ་བཅོ་ལྔ་མན་ཆད་བཟུང་ནས་ད་དབར་ལ།།
གཡུང་དྲུང་བོན་བསྟན་ཆེད་དུ་འབྱོན་པའི་རྒྱལ་སྲས་ཡིན།།

མདོར་ན་ཁྱེད་ཉིད་དགུང་གྲངས་གོ་གཉིས་སླེབ་ན་ཡང་།།
ཉམས་ལེན་གནང་ཞིང་དཔེ་ཁྲིད་གཞོལ་བ་ཆད་མེད་ཡིན།།
འགྲོ་བའི་ཁམས་འདིར་སངས་རྒྱས་ཞེས་པའི་མཚན་དེ་ཡང་།།
ཁྱེད་ཉིད་དབང་ན་མ་གཏོགས་སིག་གི་གཞན་གང་མཆིས།།

སྔོན་བྱོན་བླ་མ་དུ་མ་ཞིག་གིས་ཁྱེད་ཉིད་ནི།།
དྲན་པ་ནམ་མཁའི་རྣམ་སྤྲུལ་ཟེར་ཞིང་ལ་ལས་ནི།།
ཀུན་མཁྱེན་ཉི་མའི་ཡང་སྤྲུལ་འདོད་ཅིང་ཁ་ཅིག་གིས།།
སྨྲ་སེང་དཀར་པོའི་རྒྱུད་པ་རེད་ཅེས་ངོས་འཛིན་མང་།།

མ་འོངས་བསྟན་པའི་དོན་ཆེད་ཁྱེད་ཉིད་ཞིང་ཁམས་གཞན།།
མ་གཤེགས་གཡུང་དྲུང་བསྟན་པའི་ཆེད་དུ་ཁྲི་ལོ་ནས།།
ཁྲི་ལོར་བརྟན་པའི་སྨོན་ལམ་ཡང་ཡང་ཀུན་གྱིས་འདེབས།།
སྐར་ཚོགས་འདྲ་བའི་མཛད་འཕྲིན་མཐའ་དག་འགྲུབ་གྱུར་ཅིག།

ཉིད་ཀྱི་འཁྲུངས་ཡུལ་ཁོངས་སུ་གཏོགས་པ་གངས་ཤེར་གྱིས།།
སོར་ཅུས་དད་པའི་ཐལ་མོ་སྦྱར་ཞིང་གསོལ་སྨོན་འདེབས།།
ཁྱེད་ཉིད་རྣམ་ཐར་ཟུར་ཙམ་མཇལ་བའི་སྐལ་བཟང་དུ།།
རགས་བསྡུས་ཚུལ་དུ་ཡིག་གེར་བཏབ་ནས་ཁྱུང་དྲྭར་བཀོད།།

2017-07-28 
གཟའ་ལྷག་པ་ཉིན་རང་ཤག་ཁང་ནས་ཕུལ་བར་དགེའོ།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།