༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 27
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
བརྗེད་རྒྱུ་མེད་པའི་དྲིན་ཆེན་ཞིག
[ཟླ་ཚེས།:2017-06-17] [གཟིགས་ཐེངས:]

བརྗེད་རྒྱུ་མེད་པའི་དྲིན་ཆེན་ཞིག


ཁྱུང་བསྟན་རྒྱས།

རྐང་པར་རས་ལྷམ་དཀོན་པའི་དུས་ཤིག་ན།།
འགྱུས་རྟ་སྐྱ་རྒོག་བསྩལ་བའི་མི་བུ་ཞིག།
ཁོང་གི་རས་ལྷམ་ཕྱི་རྟིང་བུག་རལ་ཡང་།།
ང་ལ་ཀོ་ལྷམ་བསྐོན་པའི་དྲིན་ཆེན་ཞིག།

སྦྲང་དཀར་རྩམ་པའི་སྣེ་མོ་མ་ཐུག་དུས།།
རྒྱ་འབྲས་ཞིམ་པོ་སྟེར་བའི་མི་བཟང་ཞིག།
ཁོང་ལ་སྐྱ་གདག་འགྲངས་བའི་ཟས་མེད་སྐབས།།
ང་ལ་བུ་ལི་གནང་བའི་དྲིན་ཆེན་ཞིག།

ན་མཉམ་ཀ་ཁའི་འབྲུ་ཚུགས་མ་ནོན་དུས།།
དབྱངས་གསལ་འཆུགས་མེད་བྱིན་པའི་མི་བོ་ཞིག།
ཁོང་གིས་ཁ་འདོན་བརྗོད་པ་ཕར་བཞག་ནས།།
ང་ལ་འབྲི་ཀློག་བསླབ་པའི་དྲིན་ཆེན་ཞིག།

བྱིས་ཕྲུག་མང་པོར་གཟན་འཚོལ་དཀའ་བའི་དུས།།
ང་ལ་ཤ་མར་བསྐུར་བའི་ཡབ་ཆེན་ཞིག།
ཁོང་གིས་རྩམ་གྱི་པགས་ཡ་ཇ་བྱས་ནས།།
ང་ལ་འགྲངས་རྟིང་བསྐུར་བའི་དྲིན་ཆེན་ཞིག།

འདོན་ཀློག་གྲལ་གྱིས་ཡིག་མཚམས་མ་ནོན་དུས།།
བློ་རྒྱུགས་ཤར་མར་བསྒྱུར་བའི་མི་རྗེ་ཞིག།
ཁོང་གིས་ཡིག་མཚམས་བཞག་དགོས་བྱུང་ན་ཡང་།།
སྤང་ལེན་གནད་དོན་བཀྲོལ་བའི་དྲིན་ཆེན་ཞིག།

དཀོན་པའི་དགེ་རྒན་བརྩལ་བའི་དུས་སྐབས་སུ།།
རང་ལ་གདམ་ཀ་སྟོན་པའི་མི་མཆོག་ཅིག།
ཨང་ཀི་བར་ན་འཁོར་བའི་ཁྱུ་ཚོགས་ནས།།
ལེའུ་མིང་མི་འཆུག་པ་ཁྱེད་ཀྱིས་དྲིན།།

དགུན་གྱི་གངས་སུར་དྲག་པོ་རྒྱབ་ན་ཡང་།།
མདུན་གྱི་ལམ་ལ་གཏད་པ་ཚུར་མ་ལོག།
མདོ་རྟ་སྨུག་པོའི་སྲབ་ཁ་གྱེན་འཐེན་ནས།།
ཡུལ་ལྷ་གཡུ་རྩེའི་དྲུང་དུ་གོམ་ཁ་བསྒྱུར།།

༢༠༡༧/༦/༡༦/ དགོང་མོར་བྲིས་སོ།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།