༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
མི་ཁ་ལ་བགྲད་པའི་སྡང་བལྟས།
[ཟླ་ཚེས།:2017-06-17] [གཟིགས་ཐེངས:]


མི་ཁ་ལ་བགྲད་པའི་སྡང་བལྟས།


དཔེ་ཆ་བ།

གཏི་མུག་ཁྱོ་བོས་མ་རིག་ཁུ་བ་ཕུད། །
འདོད་ཆཊ་ཤུག་གིས་ལེན་པའི་ཟླ་མཚན་བསྣོན། །
ཕྲག་དོག་མངལ་ནས་བལྟམ་པའི་གཡེན་བཅུག་དེར། །
མི་ཁ་ཟེར་ནས་འཇིཊ་པོ་ཡོད་པ་རེད། །

འབྱུང་བཞི་ལུས་ལ་རླུང་ཤས་ཆེ་དྲག་པས། །
དྲན་ཤེས་མི་བརྟན་པ་རྣམས་ཚུར་བསྡུས་ཏེ། །
ལས་འགུལ་ཅི་ལ་རང་དབང་མི་གཏད་པར། །
ཁ་ལོ་མི་ཁས་བསྒྱུར་ན་དཀའ་བ་ལ། །

མི་ཁ་ཟེར་ན་མི་རིགས་ཟ་ཁ་རེད། །
ཟ་ཁ་དེ་ཡིས་མཐུན་བསྒྲིལ་མྱིད་འགྲོ་རེད། །
བདེ་སྐྱིད་མི་ཚེའི་སྲོག་རྩ་འགམ་རྒྱུ་རེད། །
མི་ཁ་བདུད་ཁ་རང་ཚུགས་སྲ་མོས་ཚེམ། །

མི་ཁ་ནང་ལ་སེམས་རྩ་སྙི་མ་འདུག
བཞི་མདོའི་ལམ་གྱི་ཨ་ཇོ་ཆ་མེད་བཞིན། །
ག་ན་འགྲོ་དགོས་ཁ་ཕྱོཊ་བོར་ནི་རེད། །
དེ་དུས་ཁྱོད་ལ་ཕུག་འདུན་མེད་རྟགས་ཡིན། །

ལས་ཀ་གང་ལ་གང་ཞིག་འཇུག་ཁ་མར། །
ལས་དེར་འཇུག་དུས་མཇུག་འབྲས་བསམ་དགོས་འདུག
མཇུག་འབྲས་གང་དེའི་སྤངས་བླང་ཤེས་མཚམས་སུ། །
དགོས་པ་སྒྲུབ་པའི་གྲ་བསྒྲིགས་འོས་སོ་བསྙམས། །

དེ་མ་ཡིན་ལ་ཁ་རོགས་ཧམ་ཚོད་ཀྱིས། །
མཇུག་འབྲས་མི་བསམ་ལས་སྣ་མང་ཆེ་བ། །
དཀའ་ངལ་མྱོང་ཚོད་དགོས་པ་མི་ལོན་པའི། །
ཨ་འུ་རྒན་མོའི་བྲོ་བརྡུང་ཡིན་པ་འདྲ། །

མི་དེ་མཁས་བླུན་སུ་རུ་གྲགས་ཙམ་གྱིས། །
དེའི་ཁ་ནང་ནས་ལབ་ཚིག་མ་ལུས་པ། །
ཚང་མ་བདེན་རྫུན་གང་རུང་ཆཊ་འཇོག་གིས། །
དོན་གནད་གློ་ལ་སྐྱུར་ན་ཨ་ཉོག་རེད། །

དོན་སྙིང་ལྗིད་མོ་མིན་པའི་བྱ་སྤུ་དེ། །
རླུང་འཁྱམ་ག་ན་གཡུག་ན་དེ་ན་འགྲོ།
བློ་ཡིད་མི་ཁར་དབང་ན་རླིང་ཆ་ཤོར། །
བླ་སྲོག་ཅལ་སྒྲས་འཕྲོག་པའི་རི་བོང་འདྲ། །

བཟང་དང་ངན་གང་རང་གིས་མ་འབྱེད་ཀྱང་།
ཡག་རེད་ཟེར་དུས་བསྟོད་པ་འབུལ་ཆོག་ཆོག
གདུག་རེད་ཟེར་དུས་སྨ་ར་རྒྱག་ལ་ལ། །
ཤེས་རབ་ན་མ་སོན་པའི་རྣམ་འགྱུར་རེད། །

ཁོག་ལ་མི་ཁ་འདུག་སའི་ས་མ་ཡན། །
ཁ་ལ་མི་ཁ་བཤད་པའི་ལྕེ་མ་གཡུག།
ཁོག་དང་ཁ་གཉིས་འགྲོ་ས་གཅིག་པ་ཡི། །
དོན་གྱི་འབན་ལ་རྣམ་དཔྱོད་མདའ་འཕོངས་ཤོག
 
 ༡༠༡༧/༦/༡༦/   



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།