༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
ཆེས་མཐོའི་ལྔ་རིག་བཤད་སྒྲུབ་སློབ་གླིང་རྨད།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-13] [རྩོམ་པ་པོ།:གངས་དཀར་ཤེས་རབ།] [གཟིགས་ཐེངས:]


  • མཁའ་ཡི་གཞའ་སྤྲིན་ཚད་དུ་འཛིན་ནས་ཆས་པ་དང་།།
    ནོར་འཛིན་སྒེག་མོ་རྡོག་སྒྲའི་མཇལ་ནས་འབྱོན་པ་ཉིད།།
    གཉེན་ཉེའི་རེ་འདོད་རྒྱབ་ཏུ་སྐྱུར་ནས་བསླེབས་དོན་ནི།།
    ཆེས་མཐོ་ལྔ་རིག་བཤད་སྒྲུབ་སློབ་གླིང་གཟུད་པའི་ཆེད།།

    བཟའ་བཏུང་སླད་དུ་རྒྱ་གྲོང་སློབ་རའི་སྒྲིག་མ་ཞུཊ།།
    ཕྱུཊ་ནོར་འཕེལ་ཕྱིར་ཆོ་གའི་ཕྱག་ལེན་མ་བསླབ་པ།།
    མཚན་སྙན་བསྒྲེང་ཆེད་ཚོང་གཉེར་ལས་དོན་མ་བྲེལ་ནི།།
    འདི་ཕྱིའི་བསམ་པ་ཡིད་ལ་བཀར་བའི་བདེན་དོན་ཆེད།།

    སེར་གཟུཊ་བྱེ་བས་དབུས་ནས་མ་བརྗིད་ཉམས་རེ་ཆུང་།།
    དཀར་དམར་ལྭ་བའི་རྒྱན་དང་འགྲོཊ་ནས་སེམས་མ་འཚུབ།།
    མཐུན་ལམ་ཡག་པོ་གཏོར་བཤིག་ཆེད་དུ་ག་ལ་ཐོན།།
    འགྲོ་བའི་མགོན་པོའི་རྗེས་སུ་འབྲེང་ནས་དེ་བཞིན་ཆེད།།

    ཛ་དམར་ཅན་གྱི་དངུལ་སྨར་སྒུག་ནས་རྒྱུ་མ་ཆགས།།
    ཤེས་རིག་གླིང་གི་རྒྱལ་ས་འཛིན་ཕྱིར་འགྲུས་པ་དབེན།།
    ཐ་སྙད་མཁས་པའི་མཐེ་བོང་བསྒྲེང་ཆེད་འདིར་ཞུཊ་མིན།།
    གནས་ལུཊ་བལྟ་བའི་ཤེས་རབ་དེ་ཉིད་འཁྲུངས་པའི་ཆེད།།

    ཉིན་རེ་ཆད་མེད་དཔེ་ཁྲིད་མཉན་ནས་དགེ་ལ་རེམ།།
    འདི་དང་ཕྱི་མའི་སེམས་ཅན་ཡོད་ཀུན་བསྔོ་སྨོན་བགྱི།།
    མ་རིག་རྨོངས་པའི་གསར་བུ་རྣམས་ལ་བདེན་པའི་དོན།།
    ལྷད་མེད་རྣམ་འགྱུར་དྲང་པོའི་སྒོ་ནས་བསྟན་པའི་ཆེད།།

    རྒྱལ་གཤེན་བསྟན་པ་མི་ནུབ་རྒྱལ་མཚན་འཛིན་དགོས་ན།།
    འཆད་དང་རྩོད་རྩོམ་གཞིར་བཟུང་ཐོག་ནས་སྐྱོང་ན་ལེཊ།།
    ཉམས་རྟོགས་ཡོན་ཏན་རྣམ་བཞག་ལ་སོགས་དེ་ནས་འབྱུང་།།
    དེས་ན་ཆེས་མཐོའི་ལྔ་རིག་བཤད་སྒྲུབ་སློབ་གླིང་རྨད།།


  • 2017-06-12-
    དགོང་མོར་ཕྲིས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།