གཡའ་དག་པའི་གནས་མཆོག་གང་དེ་ན།།
ཡོད་མ་རུང་ཉོབ་ཀྱི་དྲི་ཁ་དེ།།
སྤོས་ཨ་ཀ་རུ་དང་གཡུ་ཤུག་ཀྱིས།།
དུས་ལྟག་པར་གཡས་ནས་གཡོན་དུ་བཀར།།
ལྷད་མེད་པའི་ཕ་ཆོས་གཙང་མ་དེར།།
ཡོད་མ་རུང་འགྲོན་པོའི་སྐད་ཆ་རུ།།
དུས་ནམ་ཡང་མི་འགྱུར་རྩ་བའི་རྟེན།།
གངས་དཀར་པོའི་རུས་དང་འབྲེལ་ནས་ཡོད།།
ཡང་དག་པའི་སེམས་ཁམས་སྙིང་རྗེའི་རླན།།
གྲོགས་མི་རུང་གཡོ་སྒྱུའི་སྤྲེལ་ཀླད་ཅན།།
འགྱུར་མི་དབྲ་དཔའ་སྙིང་ཁོག་དུ་ཡོད།།
དེ་ང་ཚོའི་གནས་མཆོག་དག་པའི་རྟེན།།
ཁུ་སིམ་པའི་རི་གྲོང་ཇི་སྙེད་ན།།
སྐད་མ་རུང་འུར་དང་ཟིང་ཟིང་གིས།།
སླད་མི་གཏུབ་དམ་པའི་གསུང་རབ་འགས།།
ལུས་སྲོག་གི་དབུས་ནས་གཞུང་ཤིང་ཡོད།།
ས་གཙང་མར་མཐའ་མའི་དག་ཞིང་འདིར།།
ངའི་སེམས་ཀྱི་ཡབ་ཆེན་དམ་པ་ཡིན།།
དུས་ཇི་ལྟར་བསྙིགས་ཀྱང་དག་ཞིང་ཞིག།
གླིང་བཞི་དང་མཚོ་ལྔའི་གོང་ན་ཡོད།།
ཡུལ་གཙང་སར་ས་ཆུ་གཙང་བ་དང་།།
རི་མཐོ་སར་མཁའ་རླུང་གཙང་བས་ན།།
ངའི་མཐའ་མའི་དག་པའི་གནས་མཆོག་དེ།།
འདི་གཅིག་པུ་མ་གཏོགས་གདམ་མཁན་མིན།།
.. འགྱུར་མེད་ནས།།