༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དམངས་སྲོལ། > 1 རོང་བའི་དམངས་སྲོལ།
1 རོང་བའི་དམངས་སྲོལ།
ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-04] [རྩོམ་པ་པོ།:འཕགས་སེམས།] [གཟིགས་ཐེངས:]


རྩོམ་པ་པོ།  འཕགས་སེམས།

    ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་རང་རེའི་ཞང་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱི་སྲོལ་རྒྱུན་གྱི་ལྷ་རིས་སྒྱུ་རྩལ་ལོ་རབས་དང་མི་རབས་མང་པོའི་རིང་མ་ཉམས་པར་རྒྱུན་ཆགས་སུ་གནས་པ་འདི་ཉིད་དར་སྤེལ་དང་བློ་གསལ་གྱི་གཞོན་ནུ་རྣམས་ལ་ཕན་འབྲས་སུ་དམིགས་ཏེ་ལྷ་རིས་པ་ཡག་ཟ་བུ་འབུང་དང་སྲུང་སྐྱབས་ཉི་མ་བུ་སྤུན་གཉིས་ཀྱིས་དཀའ་ཚེགས་མང་པོ་ཞིག་བརྒྱུད་ནས་བཙུགས་པ་ཞིག་ཡིན་ལ།  ཁོང་གཉིས་ནི་ལྷ་རིས་ལ་ཆེད་སྦྱོང་གནང་སྟེ་རི་མོ་ལ་ཉམས་མྱོང་གི་ཆུ་ཚད་དང་ལྡན་ཞིང་།  ལྷ་རིས་ཀྱི་དབུ་མཛད་ཆེན་མོ་བའི་མཚན་སྙན་འཆང་བ་ཞིག་དང་།  སློབ་མ་སྐྱེད་སྲིང་ནུས་པའི་ཡོན་ཏན་ཅན་ཞིག་རེད།  ཤེས་གསལ་ལྟར་ཁོང་རྣམ་གཉིས་ཀྱི་རྣམ་དཔྱོད་དང་སོར་རྩེ་ལས་འཁྲུངས་པའི་ཐང་ཀ་དང་མཛེས་རིས་གང་མང་ཞིག་ལ་ས་ཁུལ་དང་ལྗོངས།  ཀྲུང་གོའི་ཐང་ཀའི་སྒྱུ་རྩལ་དུས་ཆེན་གྱི་འགྲེམ་སྟོན་སོགས་ཀྱི་སྐབས་མཚན་སྙན་གྱི་གཟི་བརྗིད་ལག་འཁྱེར་དང་ཕུལ་བྱུང་གཟེངས་རྟགས་ཀྱི་བྱ་དགའ་མང་པོ་ཐོབ་མྱོང་ཡོད།  ཡིད་དུ་འོང་ལ་འབུར་དུ་ཐོན་པའི་ཕུལ་བྱུང་གི་རི་མོའི་མཛེས་རྩལ་དེའང་ལྷན་སྐྱེས་ཀྱི་རྒྱུད་ལ་མངའ་བ་དང་རང་ཉིད་ཀྱི་རྣམ་དཔྱོད་གཅིག་པུའི་སྟོབས་ལས་འཁྲུངས་པ་ཞིག་ག་ལ་ཡིན་ཏེ་མ་ཡིན།  ཇི་ལྟར་ཞེ་ན།  བསྔགས་བརྗོད་ཀྱི་མེ་ཏོག་ཀུན་ནས་འཐོར་ལ་མཛད་བཟང་གི་རི་མོ་དོག་ཏུ་ཁྱབ་པའི་གངས་ཅན་པའི་ལྷ་རིས་དབུ་མཛད་ཆེན་མོ་བ་ལྡོང་མདོ་ཚེ་རིང་གཡང་འཕེལ་ལགས་ཀྱི་བཀའ་དྲིན་ལས་བྱུང་ཞིང་།  དྲིན་ཅན་གྱི་དགེ་རྒན་དམ་པ་དེས་ཐུགས་ཁུར་དང་བྱམས་སྐྱོང་གི་སྒོ་ནས།  སློབ་ཡོན་ཕྲན་བུ་ཙམ་ཡང་མ་བཞེས་པར་དཀའ་ངལ་དང་འོ་རྒྱལ་གང་ལ་མ་འཛེམས་ནས་ལོ་མང་རིང་སློབ་ཡུན་སྲིང་སྟེ་ལྷག་བསམ་གྱིས་གཟིགས་སྐྱོང་གནང་བའི་འོག  རི་མོའི་འབྲི་རིམ་འགོ་ནས་འཇུག་བར་གང་དགོས་སྦྱང་བྱ་ཕྲ་རགས་ཀུན་ལེགས་པར་བསླབས་པས།  རིན་ཐང་བྲལ་བའི་ཤེས་ཡོན་འབྱོར་ཅིང་།  རི་མོའི་ཐད་མ་ཞན་པར་ངོམ་རིན་ཆོག་པ་ད་ལྟ་འདི་གྲུབ་པ་ལགས།  དེ་ནི་གོང་ཞུས་ལྟར་ལྷ་རིས་མཁས་དབང་ཆེན་མོ་ལྡོང་མདོ་ཚེ་རིང་གཡང་འཕེལ་དམ་པའི་བཀའ་དྲིན་ཉག་གཅིག་ཏུ་ལགས།  

    དགེ་རྒན་དམ་པ་ཁོང་ནི་སྤྱི་ནས་ངེད་ཁ་བ་རི་པའི་བཟོ་རིགས་ཀྱི་ནང་གསེས་ལྷ་རིས་སྒྱུ་རྩལ་ལ་ཆེས་བླ་ན་མེད་པའི་བྱས་རྗེས་མིག་མཐོང་ལག་ཟིན་དུ་བཞག་པའི་མི་སྣ་གལ་ཆེན་ཞིག་ཡིན་པ་དང་།  ཁྱད་པར་དུ།  ལོ་རྒྱུས་ལྟར་ན་སུམ་པ་གླང་གི་གྱིམ་ཤོད་དང་ཞང་ཞུང་སྒོ་པ་ཞེས་སུ་གྲགས་པའི་ཁྱུང་པོ་སྟེང་ཆེན་ཡུལ་དུ།  ད་ལྟའི་ཆར་བྱུང་ཁུངས་དེད་ན་ཡུན་རིང་ཞིང་།  ངོ་བོར་དཔྱད་ན་ཕུན་སུམ་ཚོགས་པ།  སུ་དང་གང་ལ་བསྡུར་ན་ཆོག་པའི་ལྷ་རིས་རིག་གནས་ཀྱི་སྒྱུ་རྩལ་གསོན་ཤུགས་རབ་ཏུ་རྒྱས་ནས།  ཡུལ་འདིའི་མི་དམངས་ཀྱི་འཚོ་བ་དངོས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་ནི།  དགེ་རྒན་དམ་པ་ལྡོང་མདོ་ཚེ་རིང་གཡང་འཕེལ་ཁོང་གི་བཀའ་དྲིན་འབའ་ཞིག་ཡིན་ཕྱིར།  འབྲེལ་ཡོད་སློབ་བུ་ཀུན་གྱིས་སེམས་སུ་ནམ་ཡང་བརྗེད་དུ་མེད་པར་དགེ་རྒན་བཀའ་དྲིན་ཅན་ཞེས་དྲན་གསོ་ཞུས་དང་ཞུ་བཞིན་དུ་ལགས།


    དགེ་རྒན་དམ་པས་ལྷ་བྲིས་སློབ་མ་རྣམས་ལ་ལྷག་བསམ་ཆེན་པོ་བྱམས་བརྩེའི་ཐུགས་ཁུར་གནང་སྟངས་ལ་མིག་དཔེ་བྱས་ནས།  གཞན་ཕན་ལྷག་བསམ་ཅན་འགའ་ཡིས་བཀའ་སློབ་ལམ་སྟོན་གྱི་འོག་དང་།  དབུ་ཁྲིད་རྒན་ལགས་རྣམ་གཉིས་ཀྱི་ལྷག་བསམ་དང་ཤེས་འཇོན་གྱི་ནུས་མཐུས་ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཞེས་པ་འདི་དངོས་སུ་བརྙེས་པ་རེད།  དེའི་ནང་སློབ་གཉེར་བའི་གྲངས་ལྔ་བཅུའི་ནང་ཟིན་ཡོད་ཅིང་།  དེ་དག་ནི་ཞིང་འབྲོག་དཀྱུས་མའི་ཁྱིམ་ཚང་གིས་རེ་བཅོལ་བྱས་པའི་བུ་ཕྲུག་ཤ་སྟག་ཡིན་དུས།  དབུ་ཆེན་དམ་པ་གོང་མའི་སྲོལ་བཟང་ལྟར་སློབ་ཡོན་མི་དགོས་ལ་ལེན་སྲོལ་མེད།


སྡོད་གནས་ཀྱི་ཁང་གླ་ཡང་།  ཐུན་མིན་རིག་གནས་ལ་འགང་ཆེན་གཟིགས་ཞིང་གཞན་ཕན་བྱང་སེམས་ཀྱིས་ཕྱུག་པའི་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེས་ལོ་གསུམ་གྱི་ཁང་གླའི་སྦྱིན་བདག་གནང་བ་དང་།  བསོད་ནམས་ལོངས་སྤྱོད་ཀྱི་འབྱོར་བ་རྒྱས་པའི་ཚོང་དཔོན་ཆེན་མོ་ཆེ་རྒྱུད་གཡང་ལྷུག་དང་ནག་རྩ་བཀྲ་ཤིས་ཉི་མ་ཟུང་ནས་ལོ་རེར་ཁང་གླའི་འགྲོ་གྲོན་ཆ་ཚང་གཏོང་གནང་བ་བཅས་ལ་ཁོང་རྣམས་མ་ཚད་ངོས་ནས་ཀྱང་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།  ད་ལན་འཇུག་ཏུ་ཞུ་བར་སྤྲོ་བ་ནི།  ཁོང་དགེ་སློབ་རྣམ་པ་འོག་མས་གོང་མ་ལ་བརྩི་འཇོག་དང་གུས་བཀུར།  གོང་མས་འོག་མ་ལ་བྱམས་སྐྱོང་དང་སློབ་སྟོན།  སློབ་མ་ཕན་ཚུན་བར་མཐུན་སྒྲིལ་བཅས་ཀྱི་ཐོག་ནས་རང་འཁྲིའི་སློབ་གཉེར་ལ་འབད་བརྩོན་ཆེས་ཆེར་བཏོན་པའི་གྲུབ་འབྲས་སུ།  སྐབས་གཉིས་པ་ཀྲུང་གོའི་ཐང་ཀའི་སྒྱུ་རྩལ་ཕུལ་བྱུང་གི་འགྲེམ་སྟོན་ཐོག་དགེ་རྒན་སྲུང་སྐྱོབ་མཆོག་ལ་དངུལ་གྱི་བྱ་དགའ་ཐོབ་པ་དང་།


    སྐབས་གསུམ་པ་ཀྲུང་གོའི་ཐང་ཀའི་སྒྱུ་རྩལ་དུས་ཆེན་གྱི་ཕུལ་བྱུང་འགྲེམ་སྟོན་ཐོག་འབྲེལ་ཡོད་སློབ་མ་ཀྱུར་ཚང་བསོད་ནམས་དར་རྒྱས་ལགས་ལ་དངུལ་གྱི་བྱ་དགའ་ཐོབ་པ་དང་།  ད་དུང་སློབ་མ་ཚེ་དབང་ལྷ་བརྟན་དང་ཚེ་དབང་ནམ་མཁའ།  ནམ་མཁའ་ཚེ་དབང་རྣམ་པ་གསུམ་གྱིས་ཕུལ་བྱུང་གཟི་བརྗིད་ཀྱི་ལག་འཁྱེར་རེར་ལོན་པ་ནི།  སུ་དང་གང་གིས་བསྙོན་དུ་མེད་པར་ཁྱེད་དགེ་སློབ་རྣམ་པའི་བྱས་རྗེས་རེད་ལ་གཟི་བརྗིད་ཀྱང་ཡིན།  དགའ་བསུ་དང་ཡི་རངས་འོས།  སླད་མར་ཡང་ཁྱེད་རྣམ་པས་སྐབས་བབ་ཀྱི་རིག་གཞུང་ལ་དགའ་བ་དང་དུང་བ་སྔར་ལས་ཆེ་ཞིང་།  འབད་པ་དང་བརྩོན་པ་ཆུ་བོའི་བཞུར་རྒྱུན་དང་མཉམ་པ་བྱེད་ཅིང་།  གྲུབ་འབྲས་རྩེར་སོན་ལོན་པ་དང་།  མཐོ་སྒང་བོད་པའི་སྲོལ་རྒྱུན་རི་མོ་ལ་ཞབས་ཞུ་བླ་མེད་འབྱོར་བའི་རེ་སྨོན་དང་བཅས།  ཕུལ་བྱུང་གི་གཟེངས་བསྟོད་ལག་འཁྱེར་ཞིག་ཐོབ་པར་སྤྲོ་བས་སྐུལ་ཏེ་འཕྲལ་དུ་བྲིས།

    2015-8-29 ཉིན།  སྐབས་དང་པོའི་ཞང་ཞུང་ལྡོང་ལུཊ་རི་མོའི་འགྲེམས་སྟོན་ལ་གཟིཊ་ཞིབ་གནང་གྲུབ་རྗེས་སློབ་དཔོན་ཆེན་མོ་བུ་འབུངས་ནས་གསལ་བཤད་ཀྱི་ཚུལ་དུ་བྲིས་པའི་ཡིག་གཟུགས་འདི་ཕུལ་དུ་བྱུང་བ་ཞིག་འདུག་ཅེས་ཐུབ་བསྟན་ཕུན་ཚོགས་དང་བན་ཤུལ་དཔལ་མཁར་རྒྱལ་དངཁྱུང་པོ་དཔལ་རྒྱལ་སོགས་གཙོས་པའི་མཁས་དབང་ཚང་མས་བསྔགས་བརྗོད་ཀྱི་མཐེ་བོང་གནམ་དུ་བསྒྲེངས་སོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།